༧གོང་ས་མཆོག་གིས་ཨི་ཊ་ལིའི་མཛད་འཕྲིན་གྲུབ་ནས་ལཏ་ཝི་ཡར་ཞབས་སོར་འཁོད་འདུག

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་(Latvia)འི་ནང་གི་མཛད་འཆར་ཆེད་གྲོང་ཁྱེར་རེ་གྷའི་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག

༧གོང་ས་མཆོག་གིས་ཨི་ཊ་ལིའི་མཛད་འཕྲིན་གྲུབ་ནས་ལཏ་ཝི་ཡར་ཞབས་སོར་འཁོད་པ། ༢༠༡༧།༩།༢༢ OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་(Latvia)འི་ནང་གི་མཛད་འཆར་ཆེད་གྲོང་ཁྱེར་རེ་གྷའི་ནང་ཞབས་སོར་བདེ་བར་འཁོད་གནང་མཛད་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལཏ་ཝི་ཡའི་(Latvia)ནང་ཉིན་གྲངས་བཞིའི་རིང་གི་མཛད་འཆར་ཆེད་འདི་ཚེས་༢༢་ཉིན་ཁུལ་དེའི་གྲོང་ཁྱེར་རི་གྷར་(Riga)་ཞབས་སོར་འཁོད་གནང་མཛད་འདུག
དེ་ཡང་རི་གྷ་ཁུལ་གྱི་(Saglabasim Tibetu)་ཚོགས་པ་དང་། ར་ཤེ་ཡ་འི་རྒྱལ་ས་མོསོ་ཀོའི་(Moscow)་ནང་གི་བོད་སྐྱོབ་ཐེབས་རྩ་ཁང་གཉིས་ནས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་ཕྱི་ཚེས་༢༣་དང་༢༤་བཅས་ཉིན་གྲངས་གཉིས་རིང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཁུལ་དེའི་དད་ལྡན་ཆོས་ཞུ་བ་ཚོར་སློབ་དཔོན་ཀ་མ་ལ་ཤི་ལས་མཛད་པའི་སྒོམ་རིམ་བར་པ་དང་། རྗེ་ཙོང་ཁ་པ་ཆེན་པོས་མཛད་པའི་ལམ་རིམ་བསྡུས་དོན་གྱི་སྒོ་ནས་གསུང་ཆོས་བཀྲིན་ཆེ་གནང་མཛད་རྒྱུ་ཡིན་པ་དང་ཆབས་ཅིག ས་མཚམས་མེད་པའི་མཐུན་སྒྲིལ་ཞེས་པའི་བརྗོད་གཞིའི་ཐོག་མང་ཚོགས་ལ་བཀའ་སློབ་བསྩལ་གནང་མཛད་རྒྱུ་དང་། སྦལ་ཊིཀ་(Baltic)་མངའ་ཁུལ་གྱི་རྒྱལ་ཁབ་ཁག་གི་གྲོས་ཚོགས་འཐུས་མི་ཁག་ཅིག་དང་མཇལ་འཕྲད་གནང་རྒྱུའི་མཛད་འཆར་འདུག
ར་ཤི་ཡ་དང་སོག་ཡུལ་གཉིས་ཀྱི་༧གོང་ས་མཆོག་གི་ཆེད་བསྟོད་སྐུ་ཚབ་དོན་གཅོད་ཏེ་ལོ་རིན་པོ་ཆེ་མཆོག་གིས། ལཏ་ཝི་ཡ་དང་ཨེསི་ཏོ་ནི་ཡ། ལི་ཐུཡེ་ནི་ཡ་(Estonia, Lithunia)་བཅས་སྦལ་ཊིཀ་མཚོ་ཁུལ་རྒྱལ་ཁབ་གསུམ་ནང་གི་དད་ལྡན་ཆོས་ཞུ་བ་དང་། ར་ཤི་ཡའི་ནང་པ་ཚོའི་ཆེད་དུ་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་གྲོང་ཁྱེར་རི་གྷའི་ནང་གསུང་ཆོས་གནང་ཐེངས་གསུམ་པ་དེ་ཡིན་སྐོར་གསུངས་ཏེ། ཡོ་རོབ་ཤར་མའི་རྒྱལ་ཁབ་ཁག་ནང་༧གོང་ས་མཆོག་གི་གསུང་ཆོས་དང་བཀའ་སློབ་ཞུ་འདོད་ཡོད་པ་མང་པོ་ཡོད་པ་དང་། ༧གོང་ས་མཆོག་གདན་ཞུ་ཐུབ་པར་དགའ་ཚོར་བྱུང་ཞེས་དང་། ཡང་དཀའ་ཚེགས་ཆེ་བའི་ད་ལྟའི་དུས་སྐབས་དེར་མང་ཚོགས་ལ་ཆོས་ཕྱོགས་ཀྱི་བློ་སྐྱེད་སེམས་སྦྱོང་བྱེད་ཡག་གི་གོ་སྐབས་བཟང་པོ་ཐོབ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་འདུག
ལཏ་ཝི་ཡའི་ཁུལ་གྱི་མཛད་འཆར་འདི་ནི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཐེངས་འདིའི་ཡོ་རོབ་ཡུལ་གྲུ་བཞིའི་མཛད་འཆར་མཐའ་མ་དེ་ཡིན་ཞིང་། ཚེས་༢༦་ཉིན་རྒྱ་གར་ཕྱོགས་སུ་ཆིབས་ཞལ་བསྒྱུར་གནང་མཛད་རྒྱུ་ཡིན་པ་རེད།

གསར་འགོད་པ་རིག་ལྡན་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org