༧གོང་ས་མཆོག་འཛམ་གླིང་གི་དབུ་ཁྲིད་རླབས་ཆེན་དགུ་བ།

བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་མཆོག་འཛམ་གླིང་གི་དབུ་ཁྲིད་རླབས་ཆེན་བཅུའི་ཁོངས་སུ་བདམས་ཐོན་བྱུང་འདུག

ཨ་རིའི་སྲིད་འཛིན་དང་༧གོང་ས་མཆོག་རྣམ་གཉིས་ཕོ་བྲང་དཀར་པོའི་ནང་མཇལ་འཕྲད་སྐབས། ༢༠༡༤།༢།༢༡ པར། ཕོ་བྲང་དཀར་པོ།

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་འཛམ་གླིང་གི་དབུ་ཁྲིད་རླབས་ཆེན་བཅུའི་ཁོངས་སུ་བདམས་ཐོན་བྱུང་འདུག
གནས་ཚུལ་ལྟར་ན། ཚེས་༢༡ཉིན་Fortune magazineཞེས་སྙན་གྲགས་ཆེ་བའི་དཔལ་འབྱོར་དུས་དེབ་ནང་། འཛམ་གླིང་གི་རླབས་ཆེན་དབུ་ཁྲིད་གྲགས་ཆེ་བ་༥༠མཚན་གཞུང་གསལ་བསྒྲགས་བྱས་ཡོད་པ་དང་། དེའི་ནང་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་འཛམ་གླིང་སྟེང་བླ་ན་མེད་པའི་རྩེ་ཕུད་ཀྱི་དབུ་ཁྲིད་བཅུའི་ཁོངས་སུ་མཚན་འདོན་གནང་ཡོད་པ་དང་། དེའི་ནང་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འདས་པའི་ལོ་ངོ་༥༠ལྷག་གི་རིང་ཞི་བདེ་དང་། འཚེ་བ་མེད་པ། མང་གཙོ་འཕེལ་རྒྱས། ཆོས་ལུགས་མཐུན་སྒྲིལ་བཅས་ཀྱི་ཐོག་སྐུ་ངལ་འཛེམས་མེད་ཀྱིས་མཛད་འཕྲིན་བསྐྱངས་དང་སྐྱོང་མུས་ལ་བརྟེན་ཐེངས་འདིའི་གྲགས་ཅན་དབུ་ཁྲིད་ཀྱི་མཚན་གཞུང་ནང་འདེམས་ཐོན་བྱུང་བ་ཞིག་དང་། ༧གོང་ས་ཏྭ་ལའི་བླ་མ་མཆོག་ནས་ཆོས་ལུགས་མཐུན་སྒྲིལ་ཆེད་ཡི་ཤུ་དང་། ཇིའུ་སོགས་གཙོས་པའི་ཆོས་ལུགས་འདྲ་མིན་གྱི་བླ་ཆེན་དང་མཇལ་འཕྲད་གྲངས་ལས་འདས་པ་མཛད་མྱོང་ཡོད་པ་རེད་ལ་ཕྱི་ལོ་ ༡༩༨༩ལོར་ནོ་བེལ་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་བོད་ཀྱི་ཏཱ་ལའི་བླ་མ་མཆོག་གི་སྐུའི་གཟི་བརྗིད་དེ་འཛམ་གླིང་ཕྱོགས་མཐའ་ཀུན་ཏུ་ཁྱབ་ཡོད་པ་དང་། རྒྱལ་སྤྱིའི་ཐོག་ཁོང་གི་མཛད་རྗེས་ཀྱི་ཤུགས་རྐྱེན་ཇི་ལྟར་ཐེབས་ཡོད་པ་ནི་Twitter སྤྱི་ཚོགས་འབྲེལ་མཐུད་དྲ་ལམ་བརྒྱུད་གོང་ས་ཏྭ་ལའི་བླ་མའི་གསུང་མོལ་ལ་རྗེས་སུ་ཞུགས་མཁན་གྲངས་འབོར་ས་ཡ་༨ལྷག་ཡོད་པ་ནས་གསལ་བཏོན་ཐུབ་ཀྱི་ཡོད་པར་འགྲེལ་བརྗོད་གནང་འདུག
ཐེངས་འདིར་Fortune Magazineཞེས་བའི་དཔལ་འབྱོར་དུས་དེབ་ཀྱིས་བདམས་པའི་འཛམ་གླིང་གི་རླབས་ཆེན་མི་སྣ་ལྔ་བཅུ་ལས་རྩེ་ཕུད་བཅུ་ནི། དང་པོ་ཡེ་ཤུ་བླ་ཆེན་ཕོབ་ཧྥན་སི་སི་Pope Francisདང་། གཉིས་པ་འཇར་མན་གྱི་སྲིད་བློན་ཨན་རྗི་ལྰ་Angela Merkel གསུམ་པ་ཧྥོ་ཊི་རླངས་འཁོར་བཟོ་གྲྭའི་འགན་འཛིན་སྐུ་ཞབས་ཨ་ལེན་མོ་ལྰ་ལེ་Alan Mulally བཞི་བ་ཨ་རིའི་ཚོང་ལས་མ་རྐང་འགན་འཛིན་བྰ་རན་བྷོ་ཧྥེ་ཌི་Warren Buffett ལྔ་བ་ཨ་རིའི་སྲིད་འཛིན་ཟུར་བ་ཁུ་ལིན་ཌོན་Bill Clinton དྲུག་པ་འབར་མའི་དམངས་གཙོ་དོན་གཉེར་བ་ལྕམ་ཨང་སན་སི་ཅེ་Aung San Suu Kyi བདུན་པ་ཨ་རིའི་དམག་སྤྱི་ཇོ་ཌམ་ཧྥོ་ཊི་ Gen Joe Dunford བརྒྱད་པ་གཞས་པ་བྷོ་ནོ་Bono དགུ་བ་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག བཅུ་བ་Amazonཁེ་ལས་མཉམ་སྡེའི་འགན་འཛིན་སྐུ་ཞབས་བྷེ་ཛོ་སི་Jeff Bezosབཅས་ཡིན་འདུག
གསར་འགོད་པ་དོན་འགྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org