༧གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་འཚམས་འདྲིའི་བརྙན་འཕྲིན་སྤེལ་བ།

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་འཚམས་འདྲིའི་བརྙན་འཕྲིན་ཞིག་འགྲེམས་སྤེལ་ཞུས་འདུག

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་འཚམས་འདྲིའི་བརྙན་འཕྲིན་སྤེལ་བ། ༢༠༡༥།༦།༡༧ དྲ་བཤུས

དབུས་བོད་མིའི་སྒྲིག་འཛུགས་ཀྱིས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་ལ་འཚམས་འདྲིའི་བརྙན་འཕྲིན་ཞིག་འགྲེམས་སྤེལ་ཞུས་འདུག
དེ་ཡང་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ཟླ་བ་རྗེས་མའི་ཚེས་༦་ཉིན་དགུང་གྲངས་༨༠་ཕེབས་པའི་སྐུ་འཁྲུངས་སྐར་དུས་ཆེན་ཡིན་སྟབས། དེ་རིང་ཚེས་༡༧ཉིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་ནང་། བོད་མིའི་སྒྲིག་འཛུགས་ཀྱིས་ཆེད་བསྒྲིགས་ཞུས་པའི་༧མགོན་པོ་གང་ཉིད་དགུང་གྲངས་༨༠་ཕེབས་པའི་སྐུའི་གྱ་སྟོན་ལ་འཚམས་འདྲིའི་བརྙན་འཕྲིན་ཞིག་འགྲེམས་སྤེལ་ཞུས་པའི་གསལ་བསྒྲགས་གནང་ཕྱིར་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། དྲིལ་བསྒྲགས་དྲུང་ཆེ་བཀྲིས་ཕུན་ཚོགས་ལགས་གཉིས་ཆེད་ཕེབས་གནང་འདུག སྐབས་དེར་དྲིལ་བསྒྲགས་དྲུང་ཆེ་མཆོག་ནས་གསར་འགོད་ལྷག་ཚོགས་དེ་གནང་དགོས་དོན་སྐོར་སོགས་གསལ་བཤད་གནང་བ་དང་། དེ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་བོད་རྒྱ་ཨིན་གསུམ་ཐོག་ནས་སྐུའི་གྱ་སྟོན་ལ་འཚམས་འདྲི་ཞུས་པའི་བརྙན་འཕྲིན་དབུ་འབྱེད་དང་འགྲེམས་སྤེལ་གནང་བ་དང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ད་རེས་ཕྱི་དྲིལ་ལས་ཁུངས་ནས་བརྙན་འཕྲིན་སྐར་མ་གསུམ་ཅན་ཞིག་ཆེད་བསྒྲིགས་ཞུས་དོན་ནི་སྤྱི་ཚོགས་དྲ་རྒྱ་བརྒྱུད་ནས་འཛམ་གླིང་སྤྱི་ཡོངས་ནང་༧གོང་ས་མཆོག་གི་རླབས་ཆེན་མཛད་འཕྲིན་ཁག་ཁྱབ་ཐུབ་པ་དང་། ལྷག་པར་དུ་བོད་དང་རྒྱ་ནག་ནང་༧གོང་ས་མཆོག་ལ་དད་གུས་ཞུ་མཁན་མང་པོ་ཡོད་སྟབས་སྤྱི་ཡོངས་ལ་ཁྱབ་ཕྱིར་དམིགས་པ་ཡིན་སྐོར་སོགས་དེར་འདུ་འཛོམས་བྱུང་བའི་ཕྱི་ནང་གི་གསར་འགོད་པ་སུམ་ཅུ་ལྷག་ལ་གསུངས་འདུག
ཡང་འདི་ཟླའི་ཚེས་༢༡་དང་བོད་ཟླ་༥་ཚེས་༥་ཉིན་བོད་ལུགས་ཀྱི་སྐུའི་འཁྲུངས་ཚེས་ཉིན་བཞུགས་སྒར་རྡ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་དང་། དགེ་ལུགས་ཆོས་བརྒྱུད། མདོ་སྨད་མི་དམངས་བཅས་ནས་༧གོང་ས་མཆོག་ལ་དམིགས་བསལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དེ་བཞིན་མདོ་སྨད་མི་དམངས་ཀྱིས་སྣེ་ཁྲིད་བོད་མི་ཚོས་༧གོང་ས་མཆོག་གི་སྐུའི་གྱ་སྟོན་སྲུང་བརྩི་གནང་རྒྱུ་ཡིན་པར། སྐབས་དེར་འཛམ་གླིང་གི་ས་ཕྱོགས་འདྲ་མིན་ནས་གནད་ཡོད་མི་སྣ་དང་སྐུ་མགྲོན་ཆེད་ཕེབས་གནང་འཆར་འདུག

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org