ཅེཀ་སྤྱི་མཐུན་གྱི་རྒྱལ་ཁབ་ཀྱི་ཕྱོགས་འགལ་ཚོགས་པས་རྒྱ་ནག་ལ་སྐྱོན་བརྗོད།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་འགལ་ཆབ་སྲིད་ཚོཌ་པ་ལྔས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གྲོས་ཚོགས། ཝི་ཀི་པི་ཌི་ཡ།

ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱོགས་འགལ་ཆབ་སྲིད་ཚོཌ་པ་ལྔས་རྒྱ་ནག་གཞུང་གིས་ཆོས་ལུཌ་མི་སྣ་དང་གྲངས་ཉུང་མི་རིགས་ཏེ།  བོད་མི་དང་།  ཡུ་གུར་ཁ་ཆེ།  ཕ་ལུང་སྒོང་བཅས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་ཡོད་ཅིང་།  རྒྱལ་ཁབ་འདིའི་ཡེ་ཤུ་མང་གཙོ་ཚོགས་པའི་གྲོས་ཚོགས་འཐུས་མི།  Vit Kankovsky ལགས་ཀྱིས་ཕྱི་ཟླ་༡༢ ཚེས་ ༣ ཉིན་རྒྱ་ནག་གི་དྲག་རྩུབ་ཆེ་བའི་སྲིད་བྱུས་ལ་སྐྱོན་བརྗོད་ཀྱི་གྲོས་འཆར་ཞིག་གྲོས་ཚོཌ་འོག་མའི་ནང་འདོན་སྤེལ་གནང་རྒྱུ་ཡིན་པ་གསུངས་ཡོད་པ་རེད། གྲོས་ཚོགས་འཐུས་མི་Vit Kankovsky ལགས་ཀྱིས་རྒྱ་ནག་གཞུང་གི་ཁ་གཏད་ལ་འདོན་རྒྱུའི་གྲོས་འཆར་ལ་ སྤྱི་མང་དམངས་གཙོ་ཚོཌ་པ་སོཌ་ཆབ་སྲིད་ཚོཌ་པ་ལྔ་དང་སྤྱི་ཚོགས་ནང་ཆེ་མཐོང་ཡོད་པའི་མི་སྣ་ཁག་ཅིག་གིས་ཀྱང་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་ཞུས་ཡོད་ཅིང་།   གྲོས་འཆར་གྱི་ཟིན་བྲིས་དེར་མི་མང་(༤༩༠༠༠)གྱིས་རྒྱབ་སྐྱོར་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org