ཨ་རིའི་ནང་ཡོད་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོའི་གཟིམ་ཁང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩིའི་སྐབས་བོད་མིའི་སྐུ་ཚབ་མགྲོན་འབོད་གནང་འདུག

ཨ་རིའི་ནང་ཡོད་པའི་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོའི་གཟིམ་ཁང་དུ་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩིའི་སྐབས་བོད་མིའི་སྐུ་ཚབ་ཅེག་སྤྱི་མཐུན་རྒྱལ་ཁབ་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་བོད་མིའི་སྐུ་ཚབ་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་འདུག

tibet.net

ཨ་རིའི་ནང་ཡོད་པའི་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོའི་བཞུགས་ཁང་དུ་རེས་གཟའ་ཟླ་བ་ཕྱི་ཚེས་ ༡༡ ཉིན་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་ཞུས་འདུག་ཅིང་།  བྱང་ཨ་རིའི་སྐུ་ཚབ་དོན་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོའི་བཞུགས་ཁང་དུ་མཛད་སྒོའི་སྐབས་མཉམ་ཞུགས་གནང་སྟེ།  ཉེ་ཆར་ཅེག་སྤྱི་མཐུན་རྒྱལ་ཁབ་གཞུང་གིས་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཐོག་བོད་མིའི་སྐུ་ཚབ་མགྲོན་འབོད་གནང་བར་ཐུགས་རྗེ་ཆེ་ཞུས་འདུག  ཞོགས་ཟས་ཀྱི་ཚོགས་འདུ་དེའི་ཐོག  Cuba རང་དབང་ལྟེ་གནས་ཁང་གི་སྐུ་ཚབ་ནས་ཀྱང་མཉམ་ཞུགས་གནང་ཡོད་འདུག

ཞོགས་ཟས་འདུ་འཛོམས་ཀྱི་མཛད་སྒོའི་ཐོག་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་གཞུང་ཚབ་ཆེན་མོ་Miloslav Stašek མཆོག་དང་། ཆབ་སྲིད་སྡེ་ཚན་གྱི་འགན་འཛིན་Ramzi Abu-Eid ལགས། ཕྱི་འབྲེལ་རིག་གཞུང་སྡེ་ཚན་གྱི་འགན་འཛིན་Jan Woska ལགས་བཅས་ཀྱིས་མཛད་སྒོ་འདིའི་རྒྱབ་ལྗོངས་ངོ་སྤྲོད་དང་སྦྲགས། སྤྲོ་སེམས་འཁོལ་བའི་ངང་སྐུ་མགྲོན་རྣམས་ལ་སྣེ་ལེན་ཞུས་ཞིང་།  ཨ་རིའི་སྐུ་ཚབ་དོན་གཅོད་ཁང་གི་རྒྱ་རིགས་འབྲེལ་མཐུད་པ་ཚུལ་ཁྲིམས་རྒྱ་མཚོ་ལགས་ཀྱིས་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ངོས་ནས་འགྲོ་བ་ མིའི་ཐོབ་ཐང་གལ་ཆེར་བརྩིས་ཤིང་། ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱི་ཕྱི་འབྲེལ་སྲིད་ཇུས་ཀྱི་ཆ་ཤས་གལ་ཆེ་ཞིག་ལ་ངོས་འཛིན་གནང་བར་ཐུགས་རྗེ་ཆེ་ཞེས་ཞུས་བཞག  དེ་བཞིན་ཅེག་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཕྱི་ལོ་༢༠༢༣ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་མགྲོན་བདག་གནང་ནས་ བོད་ མིའི་སྐུ་ཚབ་ཡང་མགྲོན་འབོད་གནང་ནས་བོད་ནང་གི་ཆོས་དད་རང་དབང་གི་གནད་དོན་སྐོར་འགྲེལ་བརྗོད་གནང་རྒྱུའི་གོ་སྐབས་གནང་བར་ཐུགས་རྗེ་ཆེ་ཞུས་གནང་འདུག

 

གསར་འགོད་པ། ཚེ་དབང་དངོས་སྒྲུབ།

རྩོམ་སྒྲིག་པ། བཀྲིས་དབང་ཕྱུག

དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།

དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org