བོད་དོན་གློག་བརྙན་ལ་བར་ཆད།
བོད་དོན་གློག་བརྙན་པར་ལེན་རུ་ཁག་གི་Computer ནང་ནད་འབུ་བཏང་བའི་བརྒྱུད་བར་ཆད་བཟོ་བཞིན་འདུག
-
2013-03-29 -
-
-
༄༅། །ཕྱི་ཟླ་གསུམ་པའི་ཚེས་༢༨ཉིན་ཨ་རིའི་སྐད་གྲགས་ཆེ་བའི་གསར་ཤོག་The Washington post ཞེས་པའི་ཐོག་ལ། ༢༠༠༨ ལོར་ཨ་རིའི་གློག་བརྙན་པར་རྒྱག་མཁན་Christian Johnston དང་Darren Mann གཉིས་ཀྱིས་རུམ་གདན་ཚོང་པ་ཡིན་པའི་མིང་འཁྱེར་ཏེ། བོད་ནང་འགྲོ་བ་མིའི་ཐོབ་ཐང་མེད་པའི་གནས་སྟངས་སོགས་དངོས་བྱུང་གློག་བརྙན་པར་ལེན་དུ་བསྐྱོད་པའི་སྐབས་ཁོང་ཚོའི་Computur ནང་ནད་འབུ་བཏང་བའི་གནས་ཚུལ་བྱུང་ཡོད་པའི་སྐོར་བཀོད་ཡོད་པ་རེད།
གློག་བརྙན་པར་ལེན་གནང་མཁན་Christian དང་Darren གཉིས་ཀྱིས་སྣེ་ཁྲིད་པའི་གློག་བརྙན་པར་ལེན་རུ་ཁག་གི་Computer ནང་ནད་འབུ་བཏང་སྟེ་ལོ་ལྔ་འགྲོ་ཡི་ཡོད་པས་མ་ཟད། ད་དུང་མུ་མཐུད་ནས་དཀའ་ངལ་འཕྲད་བཞིན་པར་བརྟེན་ནས་ཁོང་ཚོས་བོད་ཀྱི་དངོས་ཡོད་གནས་སྟངས་པར་ལེན་བྱས་པའི་དངོས་བྱུང་གློག་བརྙན་དེ་ཆ་ཚང་ལེགས་གྲུབ་ཡོང་རྒྱུར་ད་བར་དུས་འགྱངས་སུ་ཕྱིན་ཡོད་པ་རེད། གློག་བརྙན་བཟོ་སྐྲུན་པ་ཚོས་གསུང་ན། ཁོང་ཚོའི་Computer ནང་གི་གནས་ཚུལ་རྐུ་འཁྱེར་དང་ནད་འབུ་བཏང་སྟེ་གནོད་འཚེ་བཟོ་ཐབས་བྱེད་པའི་བྱ་སྤྱོད་དེའི་ནང་རྒྱ་ནག་གཞུང་ཐེ་ཇུས་ཡོད་པ་ངོས་འཛིན་གནང་ཡོད་པ་རེད། །