རྒྱ་ནག་ནན་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེར་ཞིབ་བཤེར།
རྒྱ་ནག་ནན་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཡཱང་ཝེ་ཙི་ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱེད་འགོ་བཙུགས་ཡོད་པ་རེད།
-
2015-01-05 -
-
-
རྒྱ་ནག་ནན་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་ཡཱང་ཝེ་ཙི་ལ་རྒྱ་ནག་གཞུང་གིས་ཞིབ་བཤེར་བྱེད་འགོ་བཙུགས་ཡོད་པ་རེད།
དེ་ཡང་རྒྱ་ནག་ནན་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་Yang Weizeཡིས་གཞུང་གི་སྒྲིག་གཞི་དང་འགལ་བ་དང་། ཁྲིམས་འགལ་གྱི་བྱ་སྤྱོད་སྤེལ་བའི་གྱོད་གཞིའི་འོག་ཞིབ་དཔྱོད་འགོ་བཙུགས་བྱས་ཡོད་པ་རྒྱ་ནག་གི་སྒྲིག་ཁྲིམས་ལས་དོན་ལྷན་ཁང་ནས་དེ་རིང་ཚེས༥ཉིན་གསལ་སྟོན་གནང་འདུག འོན་ཀྱང་ཞིབ་ཕྲའི་གནས་ཚུལ་ཁ་གསལ་གང་ཡང་སྤེལ་མེད་ཀྱང་སྤྱིར་ཡོངས་ཐོག་ནས་ལྐོག་ཟ་རུལ་སུངས་དང་འབྲེལ་བ་ཆགས་ཀྱི་ཡོད་པ་གནས་ཚུལ་ནང་བཀོད་འདུག ལོ་གཅིག་གི་སྔོན་དུ་ནན་ཅིང་གྲོང་ཁྱེར་གྱི་སྤྱི་ཁྱབ་Ji Jiangyeཡིས་རྒྱ་མིའི་ཤོག་སྒོར་འཕོན་ཆེ་ལྐོག་ལེན་བྱས་པའི་དོན་རྐྱེན་འོག་གྲོང་ཁྱེར་སྤྱི་ཁྱབ་ཀྱི་ལས་གནས་ནས་གནས་དབྱུང་བཏང་ཡོད་པ་མ་ཟད། ལྐོག་ལེན་བྱས་པའི་ཉེས་དོན་གྱིས་ཁྲིམས་སྦྱར་བྱས་ཡོད་པ་རེད། ནན་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་Yangནི་འདི་ལོ་ལོ་གྲངས་༥༢་ཡིན་པ་དང་། ཕྱི་ལོ་༢༠༡༡་ལོ་ནས་བཟུང་ནན་ཅིན་གྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེའི་འགན་འཁུར་བླངས་འདུག དེ་སྔ་ཁོ་པ་ཅང་སུའི་ཞིང་ཆེན་Wuxiགྲོང་ཁྱེར་གྱི་དམར་ཤོག་དྲུང་ཆེ་དང་། Suzhouགྲོང་ཁྱེར་སྤྱི་ཁྱབ་ལ་སོགས་པའི་གལ་གནད་ཆེ་བའི་ལས་དོན་མང་པོའི་ཐོག་དཔོན་རིགས་ཀྱི་འགན་འཁུར་ལེན་མྱོང་ཡོད་པ་རེད་ཅེས་གསར་ཤོག་ནང་གནས་ཚུལ་བཀོད་འདུག
Xi Jinping ཡིས་རྒྱ་ནག་སྲིད་འཛིན་གྱི་འགན་འཁུར་བཞེས་པའི་རྗེས་རྒྱ་ནག་ནང་ལྐོག་ས་རུལ་ཟུངས་ལ་འགོག་རྒོལ་ཞེས་པའི་ལས་འགུལ་ཚ་ཚ་འུར་འུར་སྤེལ་བཞིན་པའི་བརྒྱུད་རིམ་ནས་རྒྱ་ནག་གི་དཔོན་རིགས་མང་པོ་ཞིག་ལྐོག་ཟ་རུལ་ཟུངས་ཀྱི་དོན་རྐྱེན་འོག་བཙོན་འཇུག་བྱེད་པ་དང་། ཞིབ་དཔྱོད་བྱེད་བཞིན་པ་སོགས་ཀྱི་གནས་ཚུལ་བྱུང་བཞིན་ཡོད་པ་རྒྱ་ནག་གི་གནས་ཚུལ་དབྱེ་ཞིབ་པ་ཚོས་ངོས་འཛིན་གནང་གི་ཡོད་པ་རེད།
གསར་འགོད་པ་དབྱངས་སྒྲོལ།