བོད་ནང་གནམ་གཤིས་ཧ་ཅང་གྲང་མོ་ཆགས་རྒྱུ།
རེས་གཟའ་ཉི་མ་དང་ཟླ་བ་ཉིན་བོད་ནང་དུ་གནམ་གཤིས་ཧ་ཅང་གི་གྲང་ངར་བསྟེན་ཏེ་གནམ་གཤིས་ཀྱི་གྲང་ཚད་ཀླད་སྐོར་འོག་ཏུ་སླེབས་རྒྱུ།
-
2011-01-02 -
-
-
༄༅།།དེ་རིང་རྒྱ་ནག་གི་གནམ་གཤིས་ལས་ཁང་ནས། དེ་རིང་རེས་གཟའ་ཉི་མ་དང་རེས་གཟའ་ཟླ་བ་ཉིན་མ་གཉིས་ལ་བོད་ནང་དུ་གནམ་གཤིས་ཧ་ཅང་གི་གྲང་ངར་བསྟེན་ཏེ་གནམ་གཤིས་ཀྱི་གྲང་ཚད་ཀླད་སྐོར་འོག་ཏུ་སླེབས་རྒྱུ་མ་ཟད། རླུང་བསིལ་ཤུགས་ཆེ་རྒྱབ་རྒྱུའི་གནམ་གཤིས་སྔོན་བརྡ་བཏང་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་ནུབ་བྱང་དང་ཤར་ཕྱོགས་བོད་དང་མཚོ་སྔོན་ཁུལ་དུ་གནམ་གཤིས་ཀྱི་གྲང་ཚད་Celsiusཀླད་སྐོར་འོག་གི་ཨང་གྲངས་༦ ནས་༨བར་དུ་སླེབས་རྒྱུ་དང་བོད་ཀྱི་ས་ཁུལ་ཁག་ཅིག་ནང་དེ་བས་གྲང་ངར་ཆེ་བས་གྲངས་ཚད་ཀླད་སྐོར་འོག་གི་ཨང་གྲངས་༡༠སླེབས་རྒྱུ་ཡིན་གཤིས། རེས་གཟའ་མིག་དམར་དང་ཕུར་བུའི་ཉིན་རྒྱ་ནག་གི་དབུས་དང་ཤར་ཕྱོགས་སུ་གནམ་གཤིས་གྲང་ངར་བསྟེན་རྒྱུ་དང༌། རྒྱ་ནག་གི་བྱང་ཕྱོགས་ས་ཁུལ་དུ་གནམ་གཤིས་གྲང་ཚད་ཀླད་སྐོར་འོག་གི་ཨང་གྲངས་༤ནས་༨བར་སླེབས་རྒྱུ་མ་ཟད། རེས་གཟའ་ཟླ་བ་དང་མིག་དམར། ལྷག་པ་ཉིན་གསུམ་རིང་བོད་ཀྱི་ས་མཐོའི་ཁུལ་དང༌། འབྲི་ཆུ་དང་རྨ་ཆུའི་ཁུལ་ནང་དུ་ཁ་བ་ཕྲན་བུ་འབབ་རྒྱུ་ཡིན་པ་རེད། དེ་བཞིན་རྒྱ་ནག་གི་ལྷོ་ནུབ་ཀུཨི་ཀྲུའུ་དང་དབུས་ཧུན་ནན་ཞིང་ཆེན་ཁུལ་དུ་ཁ་བ་ཤུགས་ཆེ་འབབ་རྒྱུ་མ་ཟད། ཞིང་ཆེན་དེ་གཉིས་ཀྱི་ས་ཁུལ་ཁག་ཅིག་ནང་ཆར་ཆུ་འབབ་ཏེ་གནམ་གཤིས་གྲང་ངར་གྱི་འགྲོ་ལམ་འཁྱགས་པ་ཆགས་པའི་དཀའ་ངལ་འཕྲད་རྒྱུ་ཡིན་པའི་ཉེན་བརྡ་གཏོང་བཞིན་ཡོད་པ་རེད།