རྒྱ་ནག་ནང་ནས་དཔལ་འབྱོར་ཆེ་གྲས་ཧོང་འཇུ་བཟུང་བྱས་པ།

རྒྱ་ནག་ནང་ནས་དཔལ་འབྱོར་ཆེ་ཤོས་གྲས་ཧོང་ཀོའང་དབྱུས་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་རེད།

༄༅༎རྒྱ་ནག་ནང་ནས་དཔལ་འབྱོར་ཆེ་ཤོས་གྲས་ཧོང་ཀོའང་དབྱུས་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་ཡོད་པ་རེད། ད་ལོ་ཕྱི་ཟླ་བཅུ་པའི་ནང་ཕྱི་ལོ་ཉིས་སྟོང་བརྒྱད་ལོའི་རྒྱ་ནག་ནང་གི་དཔལ་འབྱོར་ཆེ་ཤོས་ཀྱི་མིང་ཐོའི་གྲས་ནས་དཔལ་འབྱོར་ཆེ་ཤོས་ཀྱི་གྲས་སུ་ཐོན་པའི་གོའོ་མེད་ཅེས་པའི་ཁེ་ལས་ཚོང་དོན་ཁང་གི་སྦྱིན་བདག་ཧོང་ཀོའང་དབྱུས་ཉིན་ཤས་སྔོན་རྒྱ་ནག་ཉེན་རྟོག་པས་འཇུ་བཟུང་བྱས་པའི་གནད་དོན་ཐོག་དེ་རིང་གཟའ་ཟླ་བའི་ཉིན་པེ་ཅིང་གྲོང་ཁྱེར་ཉེན་རྟོག་ལས་ཁང་དང་གོའོ་མེའི་ཁེ་ལས་ཚོང་དོན་ཁང་གིས་ཁ་གསལ་གང་ཡང་མེད་པའི་ཐོག་ནས་ལན་འདེབས་ཐོག་མ་བྱས་ཡོད་ཅིང་གོའོ་མེའི་ཁེ་ལས་ཚོང་དོན་ཁང་གིས་དེའི་སྐོར་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་ཁེ་ལས་དོ་དམ་ཚན་པས་ད་ལྟའི་ཆར་གནས་ཚུལ་དེའི་འབྲེལ་ཡོད་གནས་ཚུལ་ར་འཕྲོད་བྱེད་བཞིན་ཡིན་པ་དང་ཡིན་ནའང་ཁེ་ལས་ཚོང་དོན་ཁང་དེར་འབྲེལ་ཡོད་ལས་ཁང་གིས་སྦྱིན་བདག་ཧོང་ཀོའང་དབྱུས་འཛིན་བཟུང་བྱས་པའི་སྐོར་ད་ལྟའི་ཆར་ཁྲིམས་ཐོག་གི་ཡིག་ཆ་གང་ཡང་འབྱོར་མེད་ལུགས་འཁོད་ཡོད་པ་རེད། ཡིན་ནའང་ཁེ་ལས་ཚོང་དོན་ཁང་དེའི་ཧོང་ཀོང་གི་མ་རྐང་ཁྲོམ་རའི་ནང་གཟའ་ཟླ་བའི་ཉིན་མ་རྐང་ཁྲོམ་རའི་ཐོག་ཚོང་ལས་གཉེར་རྒྱུ་གནས་སྐབས་མཚམས་འཇོག་བྱས་ཡོད་པ་རེད། ཧོང་ཀོང་གི་མིང་པོག་དང་དེ་བཞིན་རྒྱ་ནག་གི་དཔལ་འབྱོར་ཞེས་པའི་དུས་དེབ་ཀྱི་ཐོག་དེའི་སྐོར་ཁ་ས་གནས་ཚུལ་སྤེལ་བའི་ནང་གོའི་མེའི་གློག་ཆས་ཁེ་ལས་ཚོང་དོན་ཁང་གི་སྦྱིན་བདག་ཧོང་ཀོའང་དབྱུས་རྒྱ་ནག་ཉེན་རྟོག་པས་དོ་དམ་བྱེད་ཡས་ཀྱི་རྒྱུ་རྐྱེན་གཙོ་བོ་ནི་ཁོ་པའི་གཅེན་པོ་ཧོང་ཅུན་ཆིང་གིས་མ་རྐང་ཁྲོམ་རའི་ནང་ཁྲིམས་འགལ་གྱི་ཚོང་དོན་གཉེར་བའི་གནད་དོན་དང་འབྲེལ་བ་ཡོད་པར་བརྟེན་ནས་དྲི་རྩད་བྱ་རྒྱུར་དོ་དམ་བྱས་པ་ཞིག་ཡིན་ལུགས་འཁོད་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org