ལྷ་སར་ཡེ་ཤུའི་ཆོས་དད་པ་འཛིན་བཟུང་བྱས་སྐོར།

རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་ལྷ་ས་ནས་ཡེ་ཤུའི་ཆོས་ལུགས་ལ་དད་གུས་ཡིད་ཆེས་བྱེད་མཁན་མི་གྲངས་༡༡འཛིན་བཟུང་བཀག་ཉར་བྱས་པ།

༄༅༎རྒྱ་ནག་གཞུང་གི་ཉེན་རྟོག་མི་སྣས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཡེ་ཤུའི་ཆོས་ལུགས་ལ་དད་གུས་ཡིད་ཆེས་བྱེད་མཁན་མི་གྲངས་༡༡་འདི་ལོའི་ཕྱི་ཟླ་༡༠་པའི་ནང་འཛིན་བཟུང་བཀག་ཉར་བྱས་སྐོར་ཁ་ས་ཨ་རིའི་རོགས་སྐྱོར་ཚོགས་པ་ཞིག་གིས་བརྗོད་འདུག དེ་ཡང་China Aid Groupའམ་རྒྱ་ནག་ལ་རོགས་སྐྱོར་ཚོཌ་པ་ཞེས་པའི་ཨ་རིའི་རོགས་སྐྱོར་ཚོགས་པས་བོད་ཀྱི་རྒྱལ་ས་ལྷ་ས་ནས་ཡེ་ཤུའི་ཆོས་ལ་དད་གུས་བྱེད་མཁན་མི་གྲངས་༡༡་འདི་ལོའི་ཕྱི་ཟླ་༡༠་ཚེས་༡་ཉིན་ཡས་མས་ལ་རྒྱ་མིའི་ཉེན་རྟོག་མི་སྣས་འཛིན་བཟུང་བཀག་ཉར་བྱས་ཀྱང་ རྗེས་སུ་གློད་བཀྲོལ་བཏང་ཡོད་སྐོར་ཁ་ས་བརྗོད་འདུག གོང་ཞུས་ཨ་རིའི་རོགས་སྐྱོར་ཚོགས་པས་གནས་ཚུལ་སྤེལ་བ་དེ་ནི་རྒྱ་ནག་དབུས་ཀྱི་ཞིང་ཆེན་ཧེ་ནན་ནས་ཡིན་པ་ཡེ་ཤུའི་ཆོས་ལ་དད་གུས་བྱེད་མཁན་རྒྱ་རིགས་སོང་ཤིན་ཀུའན་ལ་རྒྱ་མིའི་ཉེན་རྟོག་མི་སྣས་ཁོ་པ་ནི་རྨོང་དད་ཚོཌ་པའི་ཆ་ཤས་ཡིན་ལུཌ་ནག་ཉེས་བཙུཌ་ནས་འདི་ལོའི་ཕྱི་ཟླ་༡༠་ཚེས་༧་བོད་ཀྱི་རྒྱལ་ས་ལྷ་ས་ནས་འཛིན་བཟུང་བཀག་ཉར་བྱས་པའི་ལོ་རྒྱུས་བཤད་པ་ཁག་ཁ་ས་ཕྱིར་བསྒྲཌ་བྱས་པ་ཞིག་ཡིན་འདུག ཨ་རིའི་རོགས་སྐྱོར་ཚོགས་པ་China Aid Group ཞེས་པས་སྐབས་དེར་འཛིན་བཟུང་བཀག་ཉར་བྱས་པའི་མི་གྲངས་༡༠་པོ་དེ་དག་ཀྱང་གློད་བཀྲོལ་བཏང་ཡང་ དུས་ཚེས་ག་དུས་བཏང་ཡོད་མེད་ཤེས་རྟོགས་མེད་ལུགས་རོ་ཡ་ཀྲར་གསར་ལས་ཁང་ལ་བརྗོད་འདུག 

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org