ཕྱིའི་རྒྱ་རིགས་ཚོས་བོད་མིར་གདུངས་སེམས་མཉམ་བསྐྱེད།
རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་དང་ཤེས་ལྡན་པ་ཁག་གིས་བོད་མིར་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པའི་སྐོར།
-
2011-10-30 -
-
-
༄༅༎ཕྱིའི་རྒྱལ་ཁབ་ནང་དུ་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་ཅན་དང་ཤེས་ལྡན་པ་ཁག་གིས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྤེལ་གྱི་ཡོད་པའི་སྐོར་ཨ་མི་རི་ཀའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་བོད་ཀྱི་་སྐུ་ཚབ་དོན་གཅོད་ཁང་ནས་བཏང་བའི་གནས་ཚུལ་ཞིག་བཙན་བྱོལ་བོད་མིའི་དྲ་རྒྱའི་ཐོག་སྤེལ་ཡོད་པ་རེད།
འདི་ལོའི་ཕྱི་ཟླ་གསུམ་པ་ནས་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ལ་ངོ་རྒོལ་ཆེད་རང་ལུས་མེ་བསྲེག་གཏོང་བའི་གནས་སྟངས་ཛ་དྲག་ཏུ་འགྲོ་བའི་སྐབས་དེར། ཨ་རིའི་གྲོང་ཁྱེར་ནེའུ་ཡོག་ཏུ་ཡོད་པའི་སྤྱི་ཚོགས་དམངས་གཙོ་ཚོགས་པ་དང༌། རྒྱ་ནག་དམངས་གཙོ་ཚོགགས་པ། འཇར་མི་ནིར་ཡོད་པའི་དམངས་ཙོའི་རྒྱ་ནག་འཐབ་ཕྱོགས། ཡོ་རོབ་ཁུལ་དུ་ཡོད་པའི་སོག་པོ་དང་ཡུ་གུར་བོད་རྒྱ་ལྷན་ཚོགས་བཅས་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་ཅན་གྱི་རྒྱ་རིགས་ཚོགས་པ་ཁག་གིས་བོད་ནང་གི་བོད་མི་ཚོའི་ཡ་ང་བའི་གནས་སྟངས་ལ་གདུང་སེམས་ཉམས་བསྐྱེད་ཀྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་དང། རྒྱབ་སྐྱོར་གྱི་ས་ཡིག་བསྡུ་རུབ་ཀྱི་ལས་འགུལ་སྤེལ་དང་སྤེལ་མུས་ཡིན་པ། དེ་ནི་ཨ་མི་རི་ཀའི་སྐད་གྲགས་ཆེ་བའི་ཧ་ཝརཊ་གཙུག་ལག་སློབ་གྲ་ཆེན་མོའི་མཁས་དབང་རྒྱ་རིགས་ཡང་ཅན་ལི་ཡིས་སྣེ་ཁྲིད་པའི་རྒྱ་རིགས་ཤེས་ཡོན་ཅན་ཁག་ཅིག་གིས་བོད་མིར་རྒྱབ་སྐྱོར་གྱི་ས་ཡིག་བསྡུ་ལེན་གནང་བཞིན་ཡོད་པ་དང༌། རྒྱབ་སྐྱོར་གྱི་ས་རྟགས་བཀོད་མཁན་གྱི་གྲས་སུ་ཤེས་ཡོན་ཅན་དང༌། རྩོམ་པ་པོ། ཉམས་ཞིབ་པ། གསར་འགོད་པ། སྤྱི་ཚོགས་ཞབས་ཞུ་བ་སོགས་ལས་རིགས་མི་འདྲ་བའི་མི་སྣ་ཡོད་པ་མ་ཟད། རྒྱ་ནག་སྐམ་ས་ཆེན་པོར་ཡོད་པའི་རྒྱ་རིགས་ཤེས་ཡོན་ཅན་ཁག་གིས་ཀྱང་ས་རྟགས་བཀོད་ཡོད་ལུགས་དང༌། ལྷག་པར་དུ་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་སྔར་ལས་དོ་སྣང་ཡོང་ཆེད་ས་རྟགས་འཁོད་པའི་རྒྱབ་སྐྱོར་གྱི་ཡིག་ཆ་འདི་བཞིན་ཨིན་ཡིག་ཐོག་ཏུ་འབབ་བསྒྱུར་གནང་སྟེ། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང༌། ཡོ་རོབ་གྲོས་ཚོགས། དམངས་གཙོའི་རྒྱལ་ཁབ་ཁག་གི་དབུ ཁྲིད་ལ་ཕུལ་རྒྱུའི་འཆར་གཞི་ཡོད་པའི་སྐོར་སོགས་བཀོད་སྤེལ་བྱས་ཡོད་པ་རེད།།