དཀར་མཛེས་ཕྱོགས་ཀྱི་བཙུན་མ་བརྒྱད་བརྒྱ་ཕྱིར་ཕུད་བཏང་འདུག
གསེར་རྟ་བླ་རུང་སྒར་ནས་དཀར་མཛེས་ཁུལ་གཅིག་པུ་ནས་ཡིན་པའི་བཙུན་མ་ཉུང་མཐར་བརྒྱད་བརྒྱ་ཙམ་རྒྱ་ནག་གཞུང་གིས་ཕྱིར་འབུད་བྱས་འདུག
-
2016-12-08 -
-
-
Your browser doesn’t support HTML5 audio
གསེར་རྟ་བླ་རུང་སྒར་ནས་དཀར་མཛེས་ཁུལ་གཅིག་པུ་ནས་ཡིན་པའི་བཙུན་མ་ཉུང་མཐར་བརྒྱད་བརྒྱ་ཙམ་རྒྱ་ནག་གཞུང་གིས་ཕྱིར་འབུད་བྱས་འདུག
དེ་ཡང་འདི་ག་རླུང་འཕྲིན་ཁང་དུ་བོད་ནས་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འགྲེལ་བརྗོད་བྱས་བ་ལྟར་ན། བཙུན་མ་དེ་དག་དེ་སྔོན་མཁན་པོ་འཇིགས་མེད་ཕུན་ཚོགས་མཆོག་གིས་བཙུན་མའི་སྒར་ཞིག་གསར་རྒྱག་གནང་རྒྱུའི་འཆར་གཞི་ཡོད་པའི་ས་སྟོང་ཞིག་ཡོད་པ་དེའི་ནང་ལྕགས་ཁང་མང་དག་ཞིག་གསར་རྒྱག་གིས་དེའི་ནང་བཞག་ཡོད་འདུག་ལ། བཙུན་མ་དེ་དག་ཕྱི་ཟླ་༡༢་ཚེས་༡་ནས་གནས་སྤོ་བྱས་འགོ་བཙུགས་ཡོད་འདུག་ཅིང་། ཁོང་ཚོ་འཇོག་ཡུལ་གྱི་ས་གནས་དེ་ནི་དཀར་མཛེས་ཁུལ་གྱི་ཨ་སྐྱབས་སྡེ་བའི་ས་ཁུལ་ཞིག་ཡིན་འདུག
ཐོག་བརྩེགས་གཉིས་ཅན་གྱི་ལྕགས་ཁང་དེ་དག་རྒྱ་ནག་གཞུང་གིས་འགྲོ་གྲོན་བཏང་སྟེ་གསར་རྒྱག་བྱས་པ་ཡིན་འདུག་ཅིང་། སྡོད་ཁང་བདུན་བརྒྱ་ཙམ་འཛུགས་བསྐྲུན་ཟིན་ཡོད་འདུག
ཡང་བོད་ནས་གནས་ཚུལ་མཁོ་སྤྲོད་པ་དེས་བརྗོད་ན། གསེར་རྟ་བླ་རུང་སྒར་རུ་དཀར་མཛེས་ཁུལ་གཅིག་པུ་ནས་ཡིན་པ་བཙུན་མའི་གྲངས་སྟོང་ཕྲག་འགའ་ཤས་ཟིན་གྱི་ཡོད་འདུག
རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཏོར་བཤིག་གི་ལས་དོན་མུ་མཐུད་དུ་རྩོམ་བཞིན་ཡོད་པ་རེད།
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།