འཛིན་བཟུང་བྱ་རྒྱུ།
གཏེར་ཁ་སྔོག་འདོན་ལ་བཀག་འགོག་བྱས་ན། ཐད་ཀར་རྒྱ་གཞུང་གིས་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་རྫ་ཆེན་རྫོང་ས་གནས་བརྙན་འཕྲིན་ཐོག་དྲིལ་བསྒྲགས་བྱས་བཞག
-
2013-08-30 -
-
-
༄༅། །ཁམས་ཡུལ་ཤུལ་ཁུལ་དགེ་འབྲོང་རྫ་སྟོད་རྫོང་དུ་རྒྱ་གཞུང་གི་དམག་མིས་གོ་མཚོན་བཟུང་སྟེ། གཏེར་ཁ་མུ་མཐུད་ནས་སྔོག་འདོན་བྱེད་བཞིན་ཡོད་པ་དང་། ཉེ་ཆར་འཛིན་བཟུང་བྱས་པའི་བོད་མི་རྣམས་གློད་བཀྲོལ་བཏང་ཡོད་རུང༌། མང་ཚོགས་ཀྱི་ངོ་རྒོལ་འགོ་ཁྲིད་གནང་མཁན་ཁེ་རྩ་བསོད་ནམ་ལགས་ཤི་སོན་ག་རེ་ཆགས་ཡོད་མེད་གནས་ཚུལ་ཁ་གསལ་མི་འདུག ཁ་སང་ཕྱི་ཚེས་༢༩ཉིན་བོད་ནས་གནས་ཚུལ་དེ་རྒྱུས་ཡོད་མི་སྣ་གཅིག་གིས་ང་ཚོའི་རླུང་འཕྲིན་ཁང་ལ་གསུང་ཡག་ལ། སྤྱིའི་ཆ་ནས་རྒྱ་གཞུང་གིས་ཁུལ་དེའི་མི་མང་ལ་ཆབ་སྲིད་ཀྱི་གོ་རྟོགས་མེད་ཚུལ་བརྗོད་སྟེ། ཕྱི་ཚེས་༢༦ཉིན་རྫོང་དང་ཤང༌། ཡུལ་མཚོ་སོགས་ཀྱི་ས་གནས་འགོ་ཁྲིད་རྣམས་རྫ་སྟོད་རྫོང་དུ་སྐོང་ནས་བཙན་དབང་གིས་ཟླ་བ་གསུམ་རིང་ཆབ་སྲིད་ཀྱི་ཟབ་སྦྱོང་ཞིག་སྤྲོད་འགོ་བཙུགས་ཡོད་པ་དང༌།རྗེས་སུ་རིམ་པས་མི་མང་ལ་ཆབ་སྲིད་ཀྱི་ཟབ་སྦྱོང་སྤྲོད་རྒྱུ་ཡིན་ཁུལ་བརྗོད་འདུག དེ་བཞིན་མི་མང་ཚོས་གཏེར་ཁ་སྔོག་འདོན་ལ་བཀག་འགོག་བྱས་ན། ཐད་ཀར་རྒྱ་གཞུང་གིས་འཛིན་བཟུང་བྱ་རྒྱུ་ཡིན་སྐོར་རྫ་ཆེན་རྫོང་ས་གནས་བརྙན་འཕྲིན་ཐོག་དྲིལ་བསྒྲགས་བྱས་བཞག།