རྒྱ་གཞུང་གིས་ཕེ་རན་སིར་བསྐྱར་དུ་ཉེན་བརྡ་བཏང་བ།
༸གོང་ས་མཆོག་ཕེ་རན་སིར་ཆིབས་བསྒྱར་ཐོག་ཕེ་རན་སི་དང་རྒྱ་ནག་བར་གྱི་འབྲེལ་བར་སླར་ཡང་ཤུགས་རྐྱེན་ཐེབས་བཟོ་ཡོད་པ་རེད་འདུག
-
2009-06-04 -
-
-
༄༅༎བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་ཏཱ་ལའི་བླ་མ་མཆོག་རིང་མིན་ཕེ་རན་སིའི་རྒྱལ་ས་པེ་རི་སི་སུ་ཆིབས་བསྒྱར་བསྐྱང་གནང་མཛད་རྒྱུའི་གནས་ཚུལ་དེའི་ཐོག་ནས་ཕེ་རན་སི་དང་རྒྱ་ནག་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བར་སླར་ཡང་ཤུགས་རྐྱེན་ཐེབས་བཟོ་ཡོད་པ་རེད་འདུག
དེའང་ད་རེས་བདུན་ཕྲག་འདིའི་རེས་གཟའ་སྤེན་པའི་ཉིན་བོད་མིའི་དབུ་ཁྲིད་སྤྱི་ནོར་༸གོང་ས་མཆོག་ཕེ་རན་སིའི་རྒྱལ་ས་པེ་རི་སི་ལ་ཆིབས་བསྒྱུར་བསྐྱང་གནང་མཛད་དེ་ཐེངས་འདིའི་༸གོང་ས་མཆོག་གི་ཡོ་རོབ་རྒྱལ་ཁབ་ཁག་གི་མཐའ་མའི་ཆིབས་བསྒྱུར་མཛད་རིམ་དེ་བསྐྱང་གནང་མཛད་རྒྱུ་ཡིན་པ་རེད་འདུག་ལ་ད་ཐེངས་༸གོང་ས་མཆོག་ནས་ཕེ་རན་སི་ལ་དུས་ཡུན་ཉིན་གཉིས་རིང་གི་ཆིབས་བསྒྱུར་དེ་བསྐྱང་གནང་མཛད་རིང་ཕེ་རན་སིའི་རྒྱལ་ས་པེ་རི་སི་ནས་༸གོང་ས་མཆོག་ལ་གྲོང་ཁྱེར་འདིའི་གྲོང་མིའི་གཟི་བརྗིད་མཚན་སྙན་ཞེས་པའི་བྱ་དགའ་དེ་འབུལ་རྒྱུ་ཡིན་པ་དང་༸གོང་ས་མཆོག་ལ་པེ་རི་སི་གྲོང་ཁྱེར་ནས་ད་རེས་པེ་རི་སི་གྲོང་ཁྱེར་གྱི་གྲོང་མིའི་གཟི་བརྗིད་མཚན་སྙན་འབུལ་གནང་མཛད་རྒྱུའི་བྱེད་སྒོ་དེ་བཞིན་སྲིད་དོན་དང་འབྲེལ་བ་མེད་པའི་བྱ་བ་ཞིག་ཡིན་པ་དང་ད་དུང་༸གོང་ས་མཆོག་གི་ཕེ་རན་སིའི་ཆིབས་བསྒྱུར་དེའང་ལུགས་མཐུན་གྱི་ཆིབས་བསྒྱུར་ཞིག་ཡིན་ནའང་རྒྱ་ནག་གཞུང་ནས་ད་རེས་སྤྱི་ནོར་༸གོང་ས་མཆོག་གི་ཡོ་རོབ་རྒྱལ་ཁབ་ཁག་ཅིག་ནང་གི་ཆིབས་བསྒྱུར་དེའི་ཐོག་འབྲེལ་ཡོད་རྒྱལ་ཁབ་ཁག་ལ་རྒྱལ་ཁབ་དེ་ཚོ་དང་རྒྱ་ནག་ཕྱོགས་གཉིས་ཀྱི་འབྲེལ་བར་གནོད་འཚེ་ཡོང་རྒྱུ་ཡིན་པའི་འཇིགས་སྐུལ་བྱས་ཡོད་པ་མ་ཟད་པེ་རི་སི་གྲོང་ཁྱེར་ནས་སྤྱི་ནོར་༸གོང་ས་མཆོག་ལ་གྲོང་ཁྱེར་འདིའི་གྲོང་མིའི་གཟི་བརྗིད་མཚན་སྙན་ཞེས་པའི་བྱ་དགའ་དེ་འབུལ་གནང་རྒྱུའི་གནས་ཚུལ་དེའི་ཐོག་ལའང་རྒྱ་ནག་ཕྱི་འབྲེལ་ལྷན་ཁང་གི་མགྲིན་ཚབ་པས་གཏམ་བཤད་ཅིག་བྱས་ཏེ་གལ་ཏེ་པེ་རི་སི་གྲོང་ཁྱེར་སྲིད་གཞུང་ནས་བྱ་དགའ་དེ་དངོས་སུ་སྤྲོད་པ་ཡིན་ན་གནས་ཚུལ་དེའི་ཐོག་སླར་ཡང་རྒྱ་ནག་མི་དམངས་ནས་ངོ་རྒོལ་དྲག་པོ་བྱེད་ངེས་ཡིན་ཞེས་དང་ད་དུང་པེ་རི་སི་གྲོང་ཁྱེར་སྲིད་གཞུང་གི་བྱེད་སྟངས་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་པར་བཤད་ཡོད་པ་རེད་འདུག་ལ་ཡང་རྒྱ་ནག་གཞུང་གི་སྐྱོན་འཛུགས་དེའི་ཐོག་པེ་རི་སིའི་གྲོང་ཁྱེར་སྤྱི་ཁྱབ་སྡེ་ལན་ནའོ་མཆོག་ནས་པེ་རི་སི་གྲོང་ཁྱེར་གྱི་ཐག་གཅོད་དེའི་ཐོག་ནང་སྲིད་ཐེ་ཇུས་ཀྱི་གནད་དོན་གནས་མེད་པ་མ་ཟད་ད་དུང་རང་ཉིད་ཀྱི་ཡིད་ཆེས་དང་དད་པ་བྱེད་ཡུལ་བློས་བཏང་བྱས་ཏེ་གཞན་ཞིག་ལ་གནག་སེམས་གནོད་སེམས་གང་ཡང་བཅངས་མེད་པའི་དགག་ལན་གནང་འདུག།