རྒྱ་རིགས་ཧུའུ་ཅ་འཕྲལ་དུ་གློད་འགྲོལ་དགོས་པའི་འབོད་སྐུལ།
རྒྱ་ནག་གཞུང་ལ་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧུའུ་ཅ་འཕྲལ་དུ་གློད་བཀྲོལ་གཏོང་དགོས་པའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།
-
2008-10-24 -
-
-
༄༅༎ཕེ་རན་སིའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་འགན་འཛིན་ནས་རྒྱ་ནག་གཞུང་གིས་བཙོན་འཇུག་བྱེད་བཞིན་པའི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧུའུ་ཅ་འཕྲལ་དུ་གློད་བཀྲོལ་གཏོང་རྒྱུའི་ཛ་དྲག་གི་འབོད་སྐུལ་ཞུས་ཡོད་པ་རེད།
དེ་ཡང་ཕེ་རན་སིའི་སྲིད་འཛིན་རྒྱ་ནག་ནང་ཨེ་ཤེ་ཡ་དང་ཡོ་རོབ་ཀྱི་ཆེས་མཐོའི་དཔོན་རིགས་ལྷན་ཚོགས་ཐོག་ཕེབས་པ་དང་དུས་མཚུངས་ཕེ་རན་སིའི་འགྲོ་བ་མིའི་ཐོབ་ཐང་ལས་དོན་ཐོག་གི་འགན་འཛིན་ལྕམ་རའ་མ་ཡ་རྡེ་མཆོག་ནས་གཟའ་པ་སངས་ཉིན་རྒྱ་ནག་གཞུང་གིས་གཞུང་ཕྱོགས་དང་སྲིད་དོན་གྱི་ལྟ་སྤྱོད་མི་མཐུན་མཁན་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཧུའུ་ཅ་འཕྲལ་དུ་གློད་བཀྲོལ་གཏོང་རྒྱུའི་འབོད་སྐུལ་ཞུས་ཡོད་པ་དང་ཁོང་གིས་གསུང་ན་རྒྱ་ནག་གཞུང་གིས་དཔལ་འབྱོར་སྟོབས་ཤུགས་ལྡན་པ་ཞིག་བྱ་རྒྱུར་འགན་ལེན་བྱ་རྒྱུ་དེ་གལ་འགངས་ཆེན་པོ་ཞིག་ལ་རྩིས་ཀྱི་ཡོད་པ་བཞིན་དེ་མིན་གྱི་ལས་དོན་ཐོག་ལ་ཡང་འགན་ལེན་བྱེད་ཡས་དེ་གཅིག་མཚུངས་གལ་འགངས་ཆེན་པོ་ཡིན་ཞིང་ཕེ་རན་སི་གཞུང་གིས་རྒྱ་ནག་གཞུང་ལ་ཧུའུ་ཅ་གློད་བཀྲོལ་གཏོང་རྒྱུའི་འབོད་སྐུལ་ཐེངས་ཁ་ཤས་ཞུས་ཡོད་ཅིང་ང་ཚོས་ཧུའུ་ཅ་ནི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པས་ཁོང་ངེས་པར་དུ་གློད་བཀྲོལ་གཏོང་དགོས་ཀྱི་རེད་ཅེས་གསུང་བཞག ཡོ་རོབ་གྲོས་ཚོགས་ནས་ད་རེས་ཡོ་རོབ་ཀྱི་འགྲོ་བ་མིའི་ཐོབ་ཐང་ཐོག་གི་བྱ་དགའ་མཐོ་ཤོས་ས་ཁ་རོལྦ་ཟེར་བ་དེ་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཧུའུ་ཅ་ལ་གནང་ཡོད་པ་དང་དེར་རྒྱ་ནག་གཞུང་གིས་ཡོ་རོབ་གྲོས་ཚོགས་ཀྱིས་རྒྱ་ནག་ནང་བཙོན་འཇུག་བྱེད་བཞིན་པའི་ཁྲིམས་འགལ་བ་ཞིག་ལ་བྱ་དགའ་སྤྲོད་རྒྱུ་དེ་ནི་རྒྱ་ནག་གི་ནང་སྲིད་ལ་ཐེ་ཇུས་བྱས་པ་ཞིག་ཡིན་ལུགས་ཀྱི་བསྐྱོན་བརྗོད་ཤུགས་ཆེ་བྱས་ཡོད་པ་རེད།