རྒྱ་ནག་གི་དམག་མི་རྣམས་བཙན་འཛུལ་ནས་ཕྱིར་འཐེན་བྱས་འདུག
རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནས་ཐོན་པ་དང་རྒྱ་གར་ནང་བཙན་འཛུལ་བྱེད་མཁན་རྒྱ་ནག་གི་དམག་མི་རྣམས་ཕྱིར་འཐེན་བྱས་འདུག
-
2014-09-19 -
-
-
རྒྱ་ནག་གི་སྲིད་འཛིན་རྒྱ་གར་ནས་ཐོན་པ་དང་རྒྱ་གར་ནང་བཙན་འཛུལ་བྱེད་མཁན་རྒྱ་ནག་གི་དམག་མི་རྣམས་ཕྱིར་འཐེན་བྱས་འདུག
རྒྱ་ནག་གི་སྲིད་འཛིན་ཞེ་ཅེན་ཕེན་མཆོག་གི་རྒྱ་གར་གྱི་རྒྱལ་དོན་འཚམས་གཟིགས་མཇུག་སྒྲིལ་ཟིན་པའི་དུས་སྐབས་དེར་རྒྱ་ནག་གི་དམག་མི་ཁག་རྒྱ་གར་གྱི་ལ་དྭགས་ས་ཁུལ་ནས་ཕྱིར་འཐེན་བྱེད་འགོ་འཛུགས་ཡོད་འདུག རྒྱ་ནག་གི་དམག་མི་རྒྱ་གར་གྱི་ལ་དྭགས་ས་ཁུལ་ནང་འཛུལ་ཞུགས་བྱེད་པའི་གནས་ཚུལ་དེ་རྒྱ་ནག་གི་སྲིད་འཛིན་ཞེ་ཅེན་ཕེན་མཆོག་གི་རྒྱ་གར་གྱི་རྒྱལ་དོན་འཚམས་གཟིགས་སྐབས་བྱུང་བ་དང་། ཁོང་གིས་རྒྱ་གར་ནང་རྒྱལ་དོན་འཚམས་གཟིགས་འགྲུབ་པ་དང་རྒྱ་ནག་གི་དམག་མི་ཁག་རྒྱ་གར་གྱི་ལ་དྭགས་ས་ཁུལ་ནས་ཕྱིར་འཐེན་བྱེད་འགོ་འཛུགས་ཡོད་འདུག རེས་གཟའ་པ་སངས་ཉིན་ལ་དྭགས་ས་ཁུལ་ནས་ཡིན་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཞིག་གིས་རྒྱ་ནག་གི་དམག་མི་རྣམས་ས་མཚམས་ནས་ཕྱིར་འཐེན་བྱེད་འགོ་འཛུགས་ཡོད་སྐོར་དང་རྒྱ་གར་གྱི་དམག་མི་རྣམས་ཡང་ས་ཁུལ་ནས་ཕྱིར་འཐེན་བྱེད་འགོ་འཛུགས་ཡོད་ཀྱང་ཁོང་ཚོས་བསྐོར་གཡེངས་ཏེ་མུ་མཐུད་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག ཡིན་ནའང་རྒྱ་གར་གྱི་དྲག་པོའི་སྲུང་སྐྱོབ་མི་སྣས་ལ་དྭགས་ཀྱི་ཆུ་དམར་ས་ཁུལ་ནང་ཛ་དྲག་གི་གནས་སྟངས་ཏེ་ཞི་འཇམ་དུ་ཕྱིན་ཡོད་ནའང་མདེམ་ཆོག་ས་ཁུལ་དུ་རྒྱ་མིའི་དམག་མི་ཉུང་ཤས་ཤིག་མུ་མཐུད་གནས་ཡོད་སྐོར་དང་། ས་མཚམས་སུ་ཞི་འཇམ་ཡོང་ཆེད་རྒྱ་གར་གྱི་དམག་མིས་རྒྱ་ནག་གི་དམག་མིའི་མཉམ་འབྲེལ་མོལ་གནང་རྒྱུ་ཡིན་སྐོར་གསུང་འདུག གནད་དོན་དབྱེ་ཞིབ་གནང་མཁན་རྣམས་ཀྱིས་ད་ཐེངས་རྒྱ་ནག་གིས་སྲིད་འཛིན་ཞེ་ཅིན་ཕེན་རྒྱ་གར་ནང་འཚམས་གཟིགས་གནང་སྐབས་ས་མཚམས་ས་ཁུལ་དུ་རྒྱ་དམག་ཆེད་མངགས་འགྲེམས་འཇོག་བྱེད་རྒྱུ་དེ་ཉེ་ཆར་རྒྱ་གར་གྱི་སྲིད་བློན་Narendra Modiམཆོག་གིས་རྒྱ་གར་གྱིས་རྒྱ་ནག་གི་རྒྱ་སྐྱེད་རིང་ལུགས་ཀྱི་སྲིད་བྱུས་དེར་གདོང་ལེན་བྱེད་རྒྱུ་ཡིན་སྐོར་གྱི་གཏམ་བཤད་དེར་ཁ་གཏད་གཅོག་པ་ཞིག་ཆགས་ཀྱི་ཡོད་སྐོར་གླེང་གི་ཡོད་པ་རེད།
གསར་འགོད་པ་ལྷུན་གྲུབ་ཚེ་རིང་།