རྒྱ་ནག་ལུས་རྩལ་སྤྱི་ཁྱབ་ལྷན་ཁང་གི་འགན་འཛིན་གཞོན་པར་ཞིབ་བཤེར།

རྒྱ་ནག་གི་ལུས་རྩལ་སྤྱི་ཁྱབ་ལྷན་ཁང་གི་འགན་འཛིན་གཞོན་པ་ཤའོ་ཐའན་ལ་ཞིབ་བཤེར་བྱེད་རྒྱུ་ཡིན་པའི་གནས་ཚུལ།

རྒྱ་ནག་གི་ལུས་རྩལ་སྤྱི་ཁྱབ་ལྷན་ཁང་གི་འགན་འཛིན་གཞོན་པ་ཤའོ་ཐའན། ཨེ་ཨེཕ་པི།

༄༅། །རྒྱ་ནག་གི་ལུས་རྩལ་སྤྱི་ཁྱབ་ལྷན་ཁང་གི་འགན་འཛིན་གཞོན་པ་དང་ལྷན་ཁང་དེའི་དམར་ཤོག་ཚོགས་པའི་ཚོགས་མི་ཤའོ་ཐའན་གྱིས་སྒྲིག་ཁྲིམས་ལས་ཚབས་ཆེ་འགལ་བའི་ཉེས་མིང་འོག་གྱོད་ཞིབ་ བྱེད་རྒྱུ་ཡིན་པ་དེ་རིང་ཟླ་༩ཚེས་༢༤ཉིན་རྒྱ་ནག་དབུས་དམར་ཤོག་ཚོགས་པའི་སྒྲིག་ ཁྲིམས་ཞིབ་བཤེར་ལས་ཁང་གིས་ཁྱབ་བསྒྲགས་བྱས་ཡོད་པ་དང་།  ཁྱབ་བསྒྲགས་བྱས་དོན་དེའི་ནང་།  རྒྱ་ནག་གུང་ཁྲན་ཏང་ཚོགས་པས་ཤའོ་ཐའན་གུང་ཁྲན་ཏང་གི་ཚོགས་པ་ནས་ཕྱིར་བུད་བཏང་བ་་མ་ཟད།  གཞུང་སྲིད་ཀྱི་ལས་གནས་ནས་ཕྱིར་བུད་བཏང་བའི་་ཐག་ གཅོད་བྱས་ཡོད་པ་དང་འབྲེལ་ཤའོ་ཐན་གྱི་ཉེས་དོན་དང་ལྐོག་ཟའི་དངུལ་དངོས་སོགས་ ཀྱི་ཐད་སྲིད་ཁྲིམས་ལས་ཁུངས་ལ་བསྐྱལ་ནས་ཐག་གཅོད་བྱེད་རྒྱུ་ཡིན་་པ་རེད།  ཤའོ་ཐན་ནི་རྒྱ་ནག་གུང་ཁྲན་ཏང་གི་ཚོགས་ཆེན་བཅོ་ བརྒྱད་པའི་རྗེས་ལུས་རྩལ་ལས་ཀའི་ཁྱབ་ཁོངས་སུ་ཐེངས་དང་པོ་ཞིང་ཆེན་རིམ་པའི་ དཔོན་རིགས་གནས་དབྱུངས་བཏང་བ་ཞིག་ཡིན་ལ་ཡང་སྤྱི་༡༩༤༩ལོ་ཚུན་རྒྱ་ནག་ཏུ་སྒྲིག་ འཛུགས་སྒྲིག་ཁྲིམས་ལས་འགལ་མཁན་ལུས་རྩལ་ཁྱབ་ཁོངས་ཀྱི་དཔོན་རིགས་ཆེས་མཐོ་ཤོས་ དེ་ཡང་ཡིན་པ་རེད།  ཤའོ་ཐན་གྱི་ཉེས་དོན་གཙོ་བོ་ནི།  ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལས་ཚབས་ཆེ་འགལ་བ་དང་། རྩ་འཛུགས་ཀྱི་ཞིབ་བཤེར་ལ་འགོག་རྐྱེན་བཟོས་པ།  མནའ་འབྲེལ་འགོག་སྲུང་བཙུགས་པ།  ལྐོག་ཟའི་དངུལ་དངོས་ལྐོག་སྦས་ལྐོག་འདྲེན་བྱེད་པ།  སྒྲིག་ཁྲིམས་ཀྱི་མི་དོན་གཏན་འབེབས་སྒྲིག་གཞི་ལས་འགལ་བ། རང་གི་བཟའ་ཟླར་ལས་ཀ་སྤྲད་པ་དང་གནས་སྤར་བྱས་པ།  རྒྱལ་ཁབ་ཕྱིར་གཞུང་དོན་བསྐྱོད་སྐབས་དུས་ཚོད་ལས་བརྒལ་བའི་བསྡད་སྡོད་བྱེད་པ།  གོ་གནས་བེད་སྤྱད་ནས་ཁེ་ཕན་ལེན་པ་སོགས་ནག་ཉེས་ཇི་སྙེད་ཅིག་བསགས་ཡོད་པའི་སྐོར་བཀོད་འདུག   ཤའོ་ཐན་ནི་འགོ་ཁྲིད་ལ་མ་འཁོད་གོང་ཐོག་མར་རྒྱ་ནག་ ཨན་ཧུད་ཞིང་ཆེན་གྱི་གྲི་རྩེད་ལུས་རྩལ་པ་ཞིག་ནས་སྤྱི་༡༩༨༡ལོ་ནས་ལུས་རྩལ་ལྷན་ ཁང་ལ་ལས་བགོས་བྱུང་བ་ནས་རིམ་པས་ད་ལྟའི་འགོ་གནས་བར་འཁོད་ཡོད་པ་རེད༎

གསར་འགོད་པ་འཇམ་དཔལ་ཕུན་ཚོགས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org