༧གོང་ས་མཆོག་གི་རྗེས་འཇུག་པ་ཚོ་ཐེར་འདོན་དང་དྲག་གནོན་བྱེད་རྒྱུ་ཡིན་ཟེར།
རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་རྗེས་འཇུག་པ་ཚོ་ཐེར་འདོན་གྱིས་དྲག་གནོན་གྱི་སྲིད་ཇུས་ཀྱི་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
-
2018-02-12 -
-
-
རྒྱ་ནག་གཞུང་གིས་བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གི་རྗེས་འཇུག་པ་ཚོ་ཐེར་འདོན་གྱིས་དྲག་གནོན་གྱི་སྲིད་ཇུས་ཀྱི་ལག་བསྟར་བྱེད་རྒྱུ་ཡིན་ཟེར།
དེ་ཡང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ལྷན་ཁང་གིས་ཁྲིམས་འགལ་ནག་ཚོཊ་ཀྱི་གནས་ཚུལ་དང་ལོ་རྒྱུས་རྒྱབ་ལྗོངས་མཁོ་སྤྲོད་བྱེད་དགོས་པའི་དོན་ཚན་ཉི་ཤུ་རྩ་གཉིས་ཐེར་བཏོན་གྱིས་དེ་དག་ལ་རྡུང་རྡེག་དྲག་པོ་བཏོང་རྒྱུ་ཡིན་པའི་གསལ་སྒྲགས་ཤིག་འདི་ཟླའི་ཚེས་༡༠་ཉིན་སྤེལ་བའི་ནང་། བདེ་འཇགས་དང་སྲིད་དབང་ལ་འཇིགས་སྐུལ་བཟོ་མཁན་དང་། ཏཱ་ལའི་རུ་ཚོགས་ལ་ཕན་ཚུན་འབྲེལ་བ་དང་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན། དགོན་པ་རྒྱབ་རྟེན་བྱེད་པ་དང་ཆོས་ལུཊ་བེད་སྤྱོད་ཀྱིས་མི་མང་དང་མི་སྒེར་པར་སྟངས་འཛིན་བྱེད་མཁན། ཁྲིམས་འགལ་གྱི་ཚོགས་སྡེ་ཁག་དང་འབྲེལ་བ་དམ་ཟབ་ཡོད་མཁན་དང་དབུ་མའི་ལམ་དང་ཕ་སྐད་སྲུང་སྐྱོབས་བྱེད་པ་སོགས་ཀྱི་ལོག་སྤྱོད་པའི་བསམ་བློ་དང་མི་རིགས་རིང་ལུགས་ཀྱི་བསམ་བློ་ཁྱེར་ཏེ་སློབ་གསོ་རྒྱབ་མཁན། དཔལ་འབྱོར་དང་མི་མང་གི་བདེ་སྡུག་ཁོར་ཡུག་སྲུང་སྐྱོབ། མི་རིགས་ཀྱི་སྲོལ་རྒྱུན་དང་རིཊ་གཞུང་སྲུང་སྐྱོབ་བྱེད་དགོས་པ་སོགས་ཁ་ལ་འཁྱེར་མཁན། དཔལ་འབྱོར་ཞལ་འདེབས་དང་དཔལ་འབྱོར་བསྡུ་རུབ་ཀྱིས་ཏཱ་ལའི་རུ་ཚོགས་ལ་དཔལ་འབྱོར་མཁོ་སྤྲད་དང་རྒྱ
བ་སྐྱོར་བྱེད་མཁན་སོཊ་ལ་རྡུང་རྡེག་དྲག་པོ་བྱེད་རྒྱུ་ཡིན་པ་མ་ཟད། ཁྲིམས་ལུཊ་གཞི་བཟུང་ཁྲིམས་གཅོད་ནན་པོ་བྱེད་རྒྱུ་ཡིན་པ་སོགས་བཀོད་ཡོད་འདུག
གནས་ཚུལ་འདི་ཐོག་མར་འདི་ཚེས་༡༡ཉིན་རྒྱ་ནག་གི་གོ་ལའི་དུབ་བབ་(Global Times)་ཞེས་བའི་ཐོག་སྤེལ་ཡོད་ཅིང་འདི་ཚེས་༡༢ཉིན་ཨེ་ཤེ་ཡའི་དུས་བབ་(Asia Times)ཞེས་པས་སྤེལ་འདུག།
གསར་འགོད་པ་ཀརྨ་རྒྱ་མཚོ་དང་། བློ་བཟང་ཆོས་འཕེལ།