ལྷོ་རྒྱ་ནག་རྒྱ་མཚོའི་གླེང་ཕྲན་བདག་དབང་ཡོད་ལུཌ་ཀྱི་ཞུ་གཏུཌ།
རྒྱ་གཞུང་གིས་རྩོད་གཞི་ཅན་གྱི་གླིང་ཕྲན་ལ་བདག་དབང་ཡོད་ཚུལ་མཉམ་འབྲེལ་རྒྱལ་ཚོགས་སུ་ཞུ་གཏུགས་བྱས་པ།
-
2012-12-16 -
-
-
༄༅༎རྒྱ་ནག་གཞུང་གིས་རྒྱ་ནག་གི་ལྷོ་རྒྱ་ནག་རྒྱ་མཚོའི་གླིང་ཕྲན་ཁག་ལ་བདག་དབང་ཡོད་ལུགས་ཀྱི་རྩོད་པ་འཛམ་གླིང་མཉམ་འབྲེ་རྒྱལ་ཚོགས་སུ་ཞུ་གཏུགས་བྱས་འདུགརྒྱ་ནག་གི་ས་གཤིས་རིག་པའི་དབྱིབས་ཀྱི་ཐོག་ནས་རྒྱ་ནག་གི་མངའ་ཁོངས་ཉི་ཧོང་གི་ཉེ་འཁྲིས་སུ་ཡོད་པའི་གླིང་ཕྲན་བར་བསླེབས་པ་སྒྲུབ་ཐུབ་ཀྱི་ཡོད་ལུགས་རྒྱ་ནག་གཞུང་གིས་ཞུ་གཏུགས་དེའི་ནང་རྒྱུ་མཚན་དྲངས་ཡོད་པ་རེད། ཉི་འོང་གིས་Senkatu ཞེས་འབོད་ཅིང་།རྒྱ་ནག་གིས་ཏིའོ་ཡུས་ཞེས་འབོད་པའི་གླིང་ཕྲན་དེ་དག་གི་བདག་དབང་ཉི་ཧོང་དང་རྒྱ་ནག་གཉིས་ཀས་རྩོད་ཀྱི་ཡོད་ཅིང་།ཉི་ཧོང་གིས་གླིང་ཕྲན་དེ་དག་བདག་ཏུ་བཟུང་བཞིན་པ་རེད།ལྷག་པར་དུ་འདི་ལོ་ཕྱི་ཟླ་དགུ་པའི་ནང་ཉི་ཧོང་གཞུང་གིས་གླིང་ཕྲན་གསུམ་ཉི་ཧོང་བ་སྒེར་པ་ཞིག་ནས་ཉོས་པར་བརྟེན་རྒྱ་ནག་ནང་རྒྱ་མི་རིགས་ཀྱིས་ཉི་ཧོང་ལ་ངོ་རྒོལ་ཤུགས་ཆེ་བྱས་པ་རེད།གླིང་ཕྲན་ཚོམ་བུ་དེའི་ནང་གླིང་ཕྲན་ལྔ་དང་།མཚོ་འོག་གི་བྲག་རི་གཉིས་ཡོད་པ་རེད།གླིང་ཕྲན་ཚོམ་བུ་དེ་དག་ཉི་ཧོང་གིས་འཛིན་སྐྱོང་འོག་ཡོད་པ་མ་ཟད། Okinawa ཁུལ་གྱི་ཉེ་འཁྲིས་སུ་ཡོད་པ་རེད།དེ་སྔ་ཕྱི་ལོ་༢༠༡༠་ལོར་རྒྱ་ནག་དང་ཉི་ཧོང་གཉིས་དབར་གླིང་ཕྲན་ཚོམ་བུ་དེའི་བདག་དབང་ཐོག་རྩོད་པ་ཤུགས་ཆེ་བྱུང་བ་ནས་བཟུང་རྒྱ་ནག་གཞུང་གིས་གྲུ་གཟིངས་གླིང་ཕྲན་དེ་དག་གི་ཉེ་འཁྲིས་སུ་བཏང་བར་བརྟེན་ཉི་ཧོང་གིས་ཉེན་བརྡ་གཏོང་དགོས་གྱུར་དང་འགྱུར་བཞིན་པ་རེད།ལྷག་པར་དུ་བདུན་ཕྲག་སྔོན་མའི་རེས་གཟའ་ཕུར་བུ་ཉིན་རྒྱ་ནག་གི་གནམ་གྲུ་ཞིག་རྩོད་གཞི་ཅན་གྱི་གླིང་ཕྲན་དེ་དག་གི་མཁའ་དབྱིངས་སུ་འཕུར་བར་བརྟེན་ཉི་ཧོང་གིས་གནམ་དམག་གནམ་གྲུ་བཏང་སྟེ་ཡ་ལན་སྤྲད་པ་རེད།འོན་ཀྱང་ཕྱོགས་གཉིས་ཀས་མཁའ་དབྱིངས་བར་སྣང་ལ་བརྩི་མེད་བཏང་བའི་ཕན་ཚུན་སྐྱོན་བརྗོད་བྱས་ཡོད་པ་རེད།ཉི་ཧོང་གིས་གླིང་ཕྲན་ཚོམ་བུ་དེའི་སྟངས་འཛིན་བྱེད་མུས་ཡིན་པ་རེད།ཐེ་ཝན་གྱིས་ཀྱང་གླིང་ཕྲན་ཚོམ་བུར་བདག་དབང་ཡོད་པར་འདོད་ཀྱི་ཡོད་པ་རེད།གླིང་ཕྲན་ཚོམ་བུ་དེའི་ནང་ཉ་ཕོན་ཆེ་ཡོད་པ་མ་ཟད།རྡོ་སྣུམ་ཕྱུག་པོ་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།།