ཟི་ཁྲོན་ཞིང་ཆེན་དུ་ལས་བྱེད་པའི་གླ་ཕོགས་སྤར་བ།

རྒྱ་ནག་ཟི་ཁྲོན་ཞིང་ཆེན་ནང་གི་ལས་བྱེད་ཚོར་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཕྱི་ཟླ་དང་པོ་ནས་བཟུང་གླ་ཆ་བརྒྱ་ཆ་༢༣ལྷག་སྤར་ཆ་བྱ་རྒྱུ།

༄༅༎རྒྱ་ནག་ཟི་ཁྲོན་ཞིང་ཆེན་ས་གནས་གཞུང་གིས་ཞིང་ཆེན་དེའི་ནང་གི་ལས་བྱེད་ཚོར་ཕྱི་ལོ་ཉིས་སྟོང་བཅུ་གསུམ་ལོའི་ཕྱི་ཟླ་དང་པོ་ནས་བཟུང་གླ་ཆ་བརྒྱ་ཆ་༢༣དང་གྲངས་ཆུང་༤སྤར་ཆ་བྱ་རྒྱུ་ཡིན་པ་དང་ སྤྱིར་བཏང་རྒྱ་ནག་གཞུང་གི་སློབ་སྟོན་བཞིན་ ཞིང་ཆེན་གཞན་ཁག་གིས་ལས་བྱེད་པའི་གླ་ཕོགས་འཕར་ཆ་བརྒྱ་ཆ་༡༣ཡིན་ཡང་ ཟི་ཁྲོན་ཞིང་ཆེན་དེ་བཞིན་ རྒྱ་ནག་གི་ས་ཁུལ་གཞན་ཁག་ནང་ལས་ཀ་བྱེད་པར་འགྲོ་མཁན་གྱི་མིའི་གྲངས་འབོར་མང་ཤོས་ཀྱི་ཞིང་ཆེན་ཞིག་ཡིན་པ་མ་ཟད་ ཉེ་བའི་ཆར་ཟི་ཁྲོན་ཞིང་ཆེན་ནང་ལས་བཟོ་ཚོས་གླ་ཕོགས་དམའ་པའི་རྐྱེན་གྱིས་ངོ་རྒོལ་གྱི་རྣམ་འགྱུར་ཤུགས་ཆེ་བཏོན་གྱི་ཡོད་པའི་གནས་སྟངས་ཕྲན་བུའི་ཞི་འཇམ་ཡོང་རྒྱུར་དམིགས་ནས་ ལས་བྱེད་ཀྱི་གླ་ཕོགས་འཕར་ཆ་ཞིང་ཆེན་གཞན་ལས་བརྒྱ་ཆ་མང་བ་བྱས་པ་ཞིག་ཡིན་པ་རེད་ འཆར་ལོ་ཤར་པ་ནས་བཟུང་ཟི་ཁྲོན་ཞིང་ཆེན་ནང་ལས་བྱེད་ཚོར་ཟླ་རེར་གླ་ཕོགས་མི་མང་ཤོག་སྒོར་༨༠༠ནས་༡༠༥༠བར་འཕར་གྱི་ཡོད་པའི་སྐོར་ཟི་ཁྲོན་ཞིང་ཆེན་མི་དོན་ལས་ཁང་དང་ སྤྱི་ཚོགས་བདེ་དོན་ལས་ཁང་གི་དཔོན་རིགས་ནས་འགྲེལ་བརྗོད་བྱས་ཡོད་འདུག ཡིན་ནའི་རྒྱ་ནག་གི་ལྷོ་ཕྱོགས་གྲོང་ཁྱེན་ཧྲན་ཀྲན་དང་ གོང་ཏུང་ཞིང་ཆེན་ལྟ་བུའི་ནང་ལ་ཡང་ ལས་བྱེད་ཀྱི་གླ་ཕོགས་འཕར་ཆ་བྱེད་ཡས་བརྒྱ་ཆ་༡༥ཡིན་ཞིང་ སྤྱིར་བཏང་ལས་བྱེད་ཀྱི་གླ་ཕོགས་འཕར་ཆ་བྱེད་ཡས་དེའི་ཐོག་ནས་ རྒྱ་ནག་ནང་དེ་སྔོན་ངལ་རྩོལ་བ་ཚོའི་གླ་ཕོགས་དམའ་པོ་ཡིན་པ་མཚོན་རྒྱུ་ཡིན་ཡང་  གཙོ་བོ་ དེའི་ཐོག་ནས་ས་གནས་དེའི་ནང་བརྟན་ལྷིང་གི་རྣམ་པ་ཞིག་མེད་པ་ཡང་མཐོང་ཐུབ་རྒྱུ་ཡིན་ཞིང་ དཔེར་ན་ ལྦིཏ་ནམ་དང་ བང་ལ་རྡེ་ཤི་དང་ ཁམ་བུ་གྲི་ཡ་སོགས་ཡུལ་གྲུ་ཁག་གི་བཟོ་པའི་གླ་ཆ་ཡང་ཧ་ཅང་ཆུང་ཆུང་ཡིན་ཡང་ གླ་ཆ་འཕར་ཆ་ཤུགས་ཆེན་པོ་དེ་འདྲ་བྱེད་ཀྱི་མེད་པ་རེད་    ཕྱི་ཚེས་༢༡ཉིན་རྒྱ་ནག་གཞུང་འབྲེལ་ཤིན་ཧའ་གསར་འགྱུར་བརྒྱུད་ལམ་གྱིས་གནས་ཚུལ་སྤེལ་བའི་ནང་ འཆར་ལོའི་ནང་རྒྱ་ནག་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་ནང་ ལས་བཟོ་ཚོའི་གླ་ཕོགས་ཆ་སྙོམས་བརྒྱ་ཆ་༢༢འཕར་ཆ་བྱ་རྒྱུ་ཡིན་ལུགས་དང་ དེ་བཞིན་མ་འོངས་ལོ་ངོ་ལྔའི་ནང་ཚུད་ལོ་ལྟར་རྒྱ་ནག་ནང་གི་ལས་བཟོ་ཚོར་གླ་ཕོགས་བརྒྱ་ཆ་༡༣ཡན་འཕར་་རྒྱུ་ཡིན་ལུགས་དཔོན་རིགས་ནས་བརྗོད་པ་ལུང་འདྲེན་བྱས་ནས་གནས་ཚུལ་སྤེལ་འདུག

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org