པེ་ལིསི་ཀྲིན་གྱི་སྙན་ཞུར་རྒྱ་ནག་གིས་རྒྱབ་སྐྱོར།
རྒྱལ་ཚོགས་ལ་པེ་ལེསི་ཀྲིན་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་ཚོགས་མིའི་གདན་ཐོབ་དགོས་པའི་ཞུ་སྙན་ལ་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཡོད་སྐོར།
-
2011-09-07 -
-
-
༄༅༎པེ་ལིསི་ཀྲིན་གྱིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་རང་བཙན་གཙང་མའི་རྒྱལ་ཁབ་ཀྱི་ཚོགས་མིའི་གདན་ཐོབ་དགོས་པའི་ཞུ་སྙན་ལ་རྒྱ་ནག་གཞུང་གིས་རྒྱབ་སྐྱོར་ཡོད་སྐོར་གསུངས་ཡོད་པ་རེད་
པེ་ལིསི་ཀྲིན་རང་དབང་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་འདི་པེ་ལིསི་ཀྲིན་མི་མང་མང་ཚོགས་ཀྱི་ཁྲིམས་མཐུན་གྱི་བདག་དབང་ཁ་བྲལ་ཐབས་མེད་པ་ཞིག་ཡིན་པ་ཙམ་དུ་མ་ཟད་ འདི་ནི་པེ་ལིསི་ཀྲིན་དང་ ཨི་སི་རལ་གཉིས་ཀྱི་རྩོད་རྙོག་འདུམ་འགྲིག་དང་ཞི་མཐུན་མཉམ་ལས་ཡོང་རྒྱུའི་རྨང་གཞིའི་ཆ་རྐྱེན་གཙོ་བོ་དེ་ཡིན་པ་དང་ ང་ཚོས་པེ་ལི་སི་ཀྲིན་གྱི་ཞུ་སྙན་དེར་བརྩི་བཀུར་དང་རྒྱབ་སྐྱོར་ཞུ་འཆར་ཡོད་སྐོར་རྒྱ་ནག་གཞུང་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཅང་ཡུས་དེ་རིང་གསར་འགོད་ལྷན་ཚོགས་ཐོག་བརྗོད་ཡོད་པ་རེད་
པེ་ལི་སི་ཀྲིན་གཞུང་གིས་ད་རེས་ཕྱི་ཟླ་༩་པའི་ཚེས་༢༠་ཉིན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐེངས་༦༦་པ་འདི་དབུ་འཛུགས་ཀྱི་སྐབས་སུ་ པེ་ལིསི་ཀྲིན་ལ་རྒྱལ་ཚོགས་ནང་རང་བཙན་གཙང་མའི་རྒྱལ་ཁབ་ལ་ངོས་འཛིན་གྱིས་རྒྱལ་ཁབ་གཞན་ཁག་དང་མཚུངས་པ་རྒྱལ་ཚོགས་ཀྱི་ཚོགས་མིའི་ཞབས་སྟེགས་དགོས་ཀྱི་ཡོད་པའི་ཞུ་སྙན་འབུལ་རྒྱུའི་འཆར་གཞི་གནང་གི་ཡོད་པ་རེད་
ཨི་སི་རལ་གྱིས་པེ་སི་ཀྲིན་གྱི་ཞུ་སྙན་དེར་རྒྱལ་ཚོགས་ནང་བདག་སྤྲོད་མི་ཡོང་བའི་རེ་བ་བྱེད་ཀྱི་ཡོད་པ་དང་ ཨ་རིའི་གཞུང་གིས་ཀྱང་པེ་སི་ཀྲིན་ལ་ཨི་སི་རལ་གྱི་ལྷན་ཞི་མོལ་བརྒྱུད་རྩོད་རྙོག་འདུམ་འགྲིག་བྱ་དགོས་པ་དང་ ཨ་རིའི་གཞུང་གིས་པེ་ལི་སི་ཀྲིན་གྱི་ཞུ་སྙན་ལ་རྒྱལ་ཚོགས་ནང་རྒྱབ་སྐྱོར་གནང་ཐབས་དཀའ་བ་གསུངས་ཏེ་ པེ་ལི་སི་ཀྲིན་ལ་རྒྱལ་ཚོགས་ནང་གནད་དོན་འདི་གླེང་སློང་མི་ཡོང་བའི་ཕྱི་འབྲེལ་ཐབས་ཤེས་གང་ཡོད་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་བཞིན་ཡོད་པ་རེད་