ཐེ་ཝན་རྒྱ་ནག་མངའ་འོག་ཡིན་པ་མཚོན་ཆེད་ཀྱི་གསལ་བསྒྲགས།

རྒྱ་ནག་ཅེས་པ་བཀོད་དགོས་ཀྱི་ཡོད་པའི་དུས་བཀག་གསལ་བསྒྲགས་བྱས་ཡོད་ཀྱང་ཨ་མི་རི་ཀའི་གནམ་གྲུའི་ལས་ཁང་བཞིས་ད་ལྟའང་དམིགས་བསལ་འགྱུར་བཅོས་གང་ཡང་བཏང་མེད་པ།

རྒྱ་ནག་ཅེས་པ་བཀོད་དགོས་ཀྱི་ཡོད་པའི་དུས་བཀག་གསལ་བསྒྲགས་བྱས་ཡོད་ཀྱང་ཨ་མི་རི་ཀའི་གནམ་གྲུའི་ལས་ཁང་བཞིས་ད་ལྟའང་དམིགས་བསལ་འགྱུར་བཅོས་གང་ཡང་བཏང་མེད་པ། ཨེ་ཨེཕ་པི།

༄༅༎རྒྱ་ནག་གིས་ཐེ་ཝན་ལ་འགྲུལ་པ་སྐྱེལ་འདྲེན་ཆེད་འཕུར་སྐྱོད་བྱེད་མཁན་གྱི་རྒྱལ་སྤྱིའི་གནམ་གྲུའི་ལས་ཁང་ཁག་ལ་གནམ་གྲུ་འཕུར་སྐྱོད་བྱ་ཡུལ་གྱི་ས་གནས་ཀྱི་མིང་གི་རྗེས་སུ་ས་ཁུལ་དེ་རྒྱ་ནག་གི་མངའ་འོག་ས་ཁུལ་ཞིག་ཡིན་པར་མཚོན་ཆེད་། ཕྱི་ཟླ་༧པའི་ཚེས་༢༥ནང་ཚུད་རྒྱ་ནག་ཅེས་པ་བཀོད་དགོས་ཀྱི་ཡོད་པའི་དུས་བཀག་གསལ་བསྒྲགས་བྱས་ཡོད་ཀྱང་ཨ་མི་རི་ཀའི་གནམ་གྲུའི་ལས་ཁང་བཞིས་ད་ལྟའང་དམིགས་བསལ་འགྱུར་བཅོས་གང་ཡང་བཏང་མེད་པའི་སྐོར་རྒྱ་ནག་གི་མཁའ་ལམ་འགྲིམ་གྲུའི་དོ་དམ་ལས་ཁུངས་ཀྱིས་བརྗོད་ཡོད་པ་རེད།
དོ་དམ་ལས་ཁུངས་ཀྱིས་ཐེ་ཝན་ལ་འཕུར་བསྐྱོད་བྱེད་མཁན་རྒྱལ་སྤྱིའི་མཁའ་ལམ་འགྲིམ་འགྲུལ་ལས་ཁང་ཁག་བཞི་བཅུ་ཙམ་གྱིས་རྒྱ་ནག་གི་འདོད་དོན་ལ་བརྩིས་འཇོག་གིས་འགྱུར་བཅོས་བཏང་ཡོད་ཀྱང་ཨ་མི་རི་ཀའི་United Airlines དང་། American Airlines, Delta Airlines, Hawaiian Airlines བཅས་ནས་དུས་བཀག་ནང་ཚུད་དམིགས་བསལ་འགྱུར་བཅོས་གང་ཡང་བཏང་མེད་པའི་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད།
རྒྱ་ནག་གིས་ཐེ་ཝན་གྱི་རྒྱལ་ས་Taipei ལ་འཕུར་བསྐྱོད་བྱེད་མཁན་འགྲུལ་སྐྱེལ་གནམ་གྲུའི་ཐོག་Taipei,China ཞེས་བྲིས་དགོས་པའི་བཙན་བཀའ་བཏང་ཡོད་ཀྱང་གོང་ཞུས་ཨ་མི་རི་ཀའི་གནམ་གྲུའི་ལས་ཁང་ཁག་གིས་གནམ་གྲུ་འཕུར་བསྐྱོད་བྱ་རྒྱུ་དེ་།  Taipei ཞེས་བཀོད་པ་ལས་ཐེ་ཝན་དང་རྒྱ་ནག་ཅེས་པའི་རྒྱལ་ཁབ་ཀྱི་ངོ་བོ་གསལ་སྟོན་གང་ཡང་མ་བྱས་པར་བཞག་ཡོད་པ་རེད།

རྒྱ་ནག་གིས་གནད་དོན་འདིའི་ཐད་མི་འདོད་པའི་སྐད་ངན་རྒྱབ་ཀྱི་ཡོད་པ་དང་། རྒྱ་ནག་གིས་གནམ་གྲུའི་ལས་ཁང་དང་གཞན་ཡང་རྒྱལ་སྤྱིའི་གསོལ་མགྲོན་ཁང་ཁག་གི་དྲ་རྒྱ་སོགས་ཀྱི་སྟེང་། ཐེ་ཝན་དང་བོད་ཅེས་པའི་རྒྱལ་ཁབ་ཀྱི་ངོ་བོ་མཚོན་པའི་ཐ་སྙད་བཀོད་མི་ཆོག་པ་དང་། གལ་ཏེ་དེ་ལྟར་བརྩིས་འཇོག་མ་བྱས་པ་ཡིན་ན་། རྒྱ་ནག་ནང་ཚོང་འབྲེལ་བྱ་ཡུལ་མེད་པ་བཟོ་རྒྱུ་དང་དཔལ་འབྱོར་གྱི་ཉེས་ཆད་འགེལ་རྒྱུའི་འཇིགས་སྐུལ་བྱེད་བཞིན་པར་། ཨ་མི་རི་ཀའི་གཞུང་གིས་རྒྱ་ནག་གི་བྱེད་སྟངས་དེར་། མཐའ་གཅིག་ཏུ་དགག་པ་དང་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་བློ་བཟང་ཡེ་ཤེས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org