རྒྱ་ནག་གི་ཞི་ཆེན་ལྔའི་གཙོ་བོའི་འགོ་འཁྲིད་འཕོ་འགྱུར་བྱས་པ།

འདི་ལོ་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་རྒྱ་ནག་གི་ཞིང་ཆེན་ལྔའི་གཙོ་བོའི་འགོ་འཁྲིད་འཕོ་འགྱུར་བྱས་པའི་གནས་ཚུལ།

༄༅༎འདི་ལོ་ཟླ་བཅུ་གཅིག་པའི་ཟླ་མཇུག་ཏུ་རྒྱ་ནག་གི་ཞིང་ཆེན་ལྔའི་གཙོ་བོའི་འགོ་འཁྲིད་འཕོ་འགྱུར་བྱས་པའི་རྗེས།ད་ལྟ་གནས་ཚུལ་ཐོན་པ་ལྟར་ན།ཤིན་ཅང་རང་སྐྱོང་ལྗོངས་ཀྱི་དམར་ཤོག་དྲུང་ཆེ་ལྦང་ལའ་ཆོན་པེ་ཅིན་དུ་བསྐོང་འཐེན་གྱིས་དེའི་ལས་ཚབ་ཏུ་རྒྱལ་དོན་བློན་ཆེན་དང་སྤྱི་བདེ་དཔོན་གཅིག་ལྕོག་ཡིན་པ་མའང་ཅན་ཀྲུའུ་ནས་ལས་གནས་འཁུར་ལེན་བྱེད་ཀྱི་ཡོད་འདུག

གནས་ཚུལ་ཐོན་པར་གཞིགས་ན།མའང་ཅན་ཀྲུའུ་ཡིས་སྤྱི་ལོ་ཉིས་སྟོང་བརྒྱད་ལོའི་པེ་ཅིན་ཨོ་ལིམ་པིཀ་རྩེད་འགྲན་གྱི་བདེ་འཇགས་སྲུང་སྐྱོབ་དང་།དེ་བཞིན་སྤྱི་ལོ་ཉིས་སྟོང་དགུའི་རྒྱ་ནག་རྒྱལ་སྟོན་དུས་ཆེན་གྱི་བདེ་འཇགས་འགན་སྲུང་བྱུང་བའི་རྐྱེན་གྱིས།རྒྱ་ནག་གུང་ཁྲན་ཏང་གིས་མཐའ་ཁུལ་བཅོས་སྐྱོད་བྱེད་མཁན་གྱི་འགོ་ཁྲིད་ལ་མའང་ཅན་ཀྲུའུ་འདེམས་སྒྲུག་འོས་ཤོས་སུ་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

ཕྱོགས་མཚུངས་མའང་ཅན་ཀྲའུ་ཡི་ལས་ཚབ་འཁུར་མཁན་དུ་པེ་ཅིན་གྱི་གཞོན་ནུ་ཚོགས་པའི་ཁོངས་མི་ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་ཆའང་ལྦུད་ལ་བསྐོ་བཞག་བྱེད་འཆར་ཡིན་པ་རེད།གནས་ཚུལ་ཐོན་པ་ལྟར་ན།ཤིན་ཅང་ཨུ་ལུ་མུ་ཆིའི་ཟླ་བདུན་པའི་ཚེས་ལྔའི་དོན་རྐྱེན་རྗེས་དྲུང་ཆེ་ལྦང་ལའ་ཆོན་གྱི་གོ་གནས་འཕོ་འགྱུར་གི་གནས་ཚུལ་བསྟུད་མར་ཐོན་ཡོད།ཡིན་ནའང་ལྦང་ནི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ཚོགས་མི་ཡིན་པར་བརྟེན་ལྦང་གི་ལས་གནས་འཕོ་འགྱུར་བྱེད་མིན་ཐད་ཀྲུང་དབྱང་གིས་ཟབ་ནན་བྱས་ཡོད་པ་རེད།

མའང་ཅན་ཀྲུའུ་ཉིད་སྤྱི་ལོ་ཉིས་སྟོང་བདུན་ལོ་ནས་སྤྱི་བདེ་བློན་ཆེན་གྱི་ལས་གནས་འཁུར་བ་ཚུན་ལྷ་སར་སུམ་བཅུ་བཞི་དོན་རྐྱེན་དང་པེ་ཅིན་གྱི་ཨོ་ལིམ་པིཀ་རྩེད་འགྲན་ཉེ་དུས་རྒྱལ་སྟོན་དུས་ཆེན་སྐབས་སུ་དམག་དང་ཉེན་རྟོག་མང་ཚོགས་མཉམ་འབྲེལ་གྱིས་འགོག་སྲུང་དང་ནན་པོའི་ཐོག་ལ་ནན་པོ་དང་།ཞིབ་ཚགས་ཐོག་ལ་ཞིབ་ཚགས་བྱེད་དགོས་པའི་འབོད་ཚིག་བཏོན་པར་གོང་གསལ་ལས་ཀ་ཁག་བདེ་བླག་གྲུབ་ཐུབ་པ་བྱུང་བར་རྒྱ་ནག་གུང་ཁྲན་ཏང་ལ་ཆར་སྣང་ཟབ་པོ་ཞིག་བཞག་ཡོད་པ་རེད༎

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org