རྒྱ་ནག་ཏུ་ལས་མེད་ཀྱི་གྲངས་འབོར་ས་ཡ་༢༣ལ་གྱུར་བ།
རྒྱ་ནག་ནང་འདི་ལོ་ཕྱི་ཟླ་དང་པོ་ནས་ད་བར་ཡུལ་མི་ས་ཡ་ཉི་ཤུ་རྩ་གསུམ་ལས་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག
-
2009-03-25 -
-
-
༄༅༎རྒྱ་ནག་ནང་འདི་ལོ་ཕྱི་ཟླ་དང་པོ་ནས་ད་བར་ཡུལ་མི་ས་ཡ་ཉི་ཤུ་རྩ་གསུམ་ལས་མེད་དུ་གྱུར་ཡོད་པའི་གནས་ཚུལ་ཐོན་འདུག
བེ་ཅིང་ནས་རོའུ་ཊརསེ་གསར་ལས་ཁང་གིས་གནས་ཚུལ་སྤེལ་དོན་ལྟར་ན་འདི་ལོ་ལོ་གསར་སྐབས་ནས་བཟུང་གཞིས་སྤོས་ངལ་རྩོལ་ལས་མེད་དུ་གྱུར་པའི་གྲངས་འབོར་ས་ཡ་ཉི་ཤུ་རྩ་གསུམ་ཡིན་པ་དང་དེའི་ཁོངས་ནས་ས་ཡ་བཅུ་གཅིག་ཙམ་གྲོང་ཁྱེར་ཆེ་ཁག་ནང་ཕྱིར་ལོག་གིས་ད་དུང་ལས་མེད་དུ་གྱུར་ཡོད་ཀྱང་མང་ཆེ་བ་ད་དུང་སོ་སོའི་ས་ཁུལ་དུ་གནས་ཡོད་ལུགས་འགྲེལ་བརྗོད་བྱས་འདུག དཀའ་ངལ་ཆེ་ཤོས་ཨར་ལས་སོགས་འཛུགས་བསྐྲུན་དང་ཕྱི་ཚོང་གི་རས་ཆའི་བཟོ་གྲྭར་འཕྲད་ཡོད་པར་བརྟེན་ལས་མེད་དེ་དག་གིས་གཞུང་ལ་ངོ་རྒོལ་བྱ་སྲིད་པའི་དོགས་པ་ཡང་ཆེན་པོ་བྱེད་ཀྱི་ཡོད་འདུག གྲོང་གསེབ་ཁག་གི་ངལ་རྩོལ་བའི་གྲངས་འབོར་ས་ཡ་༢༢༥ལྷག་ཡིན་པ་དང་དེའི་ཁོངས་ནས་ས་ཡ་༡༤༠ལྷག་སོ་སོ་ནང་ནས་ཐག་རིང་པོར་ལས་ཀ་བྱེད་ཀྱི་ཡོད་ལུགས་འགྲེལ་བརྗོད་བྱས་འདུག ད་ཆ་དེ་དག་ལས་མེད་དུ་གྱུར་བའི་དབང་གིས་ནང་མིའི་འཚོ་རྐྱེན་ཧ་ཅང་ཁག་པོ་ཡོད་པ་དང་མཐོ་སློབ་ཁག་ནས་ཐོན་པའི་ན་གཞོན་བརྒྱ་ཆ་བདུན་བཅུ་ཙམ་ལ་ལས་ཀ་ཐོབ་མེད་པ་སོགས་ད་ཆ་རྒྱ་ནག་གི་སྤྱི་ཚོགས་དཀའ་ངལ་ཆེན་པོའི་ནང་གནས་བཞིན་པ་རེད༎