རྒྱ་ནག་ནང་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཁྲིམས་ཡིག་གསར་པ་ཞིག་གཏན་འབེབས་བྱས་པ།
རྒྱ་ནག་གཞུང་གིས་རྒྱ་ནག་ནང་ཤེས་ཡོན་སློབ་གསོ་དང་འབྲེལ་བའི་ཁྲིམས་ཡིག་གསར་པ་ཞིག་གཏན་འབེབས་བྱས་པའི་ནང་སློབ་ཕྲུག་ཚོར་ནང་སྦྱོང་གྱི་དཀའ་ངལ་ཉུང་དུ་གཏོང་རྒྱུ་དང་ཆབས་ཅིག་སློབ་ཚན་ཨ་མ་ཁག་ལ་སློབ་གྲྭའི་ཕྱི་ལ་ཟུར་དུ་དགེ་རྒན་སྟེན་ཏེ་སློབ་འཁྲིད་བྱེད་མི་ཆོག་པའི་་ཁྲིམས་སྒྲིག་གཏན་འབེབས་བྱས་ཡོད་པའི་སྐོར་ རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
- 2021-10-23
-
-
-
རྒྱ་ནག་ནང་ན་གཞོན་ཕྲུག་གུ་ཚོས་དྲ་ལམ་ཐོག་སྙན་གྲགས་ཅན་གྱི་མི་སྣར་དོ་དབྱིངས་དང་ དེ་བཞིན་དྲ་ལམ་ཐོག་རྩེད་རིགས་འདྲ་མིན་སྣ་ཚོགས་ལ་དུས་ཚོད་ཧ་ཅང་མང་པོ་གཏོང་བཞིན་ཡོད་པའི་དཀའ་ངལ་སེལ་ཐབས་སུ་ ཕྲུ་གུ་ཚོའི་སྤྱོད་ཚུལ་ལ་བཏང་འཛིན་དང་། ཕ་མ་ཚོས་ཕྲུ་གུའི་སྤྱོད་ཚུལ་ལ་འགན་ཁུར་ཡོད་པ་བཟོ་ཆེད་ ཕ་མར་ཉེས་ཆད་འགེལ་རྒྱུའི་ཁྲིམས་སྒྲིག་གསར་པ་ཞིག་གཏན་འབེབས་བྱ་་འཆར་ཡོད་པའི་སྐོར་ རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག
རོ་ཨི་ཀྲར་གསར་ལས་ཁང་གིས་གནས་ཚུལ་ནང་གསལ་ལྟར་ན། ཁྲིམས་སྒྲིག་གསར་པ་དེའི་ཞིབ་ཕྲའི་ནང་དོན་ཕྱིར་བསྒྲགས་མ་བྱས་ཀྱང་ཁྲིམས་སྒྲིག་དེས་ཕྲུ་གུ་ཚོར་སློབ་གྲྭའི་ཕྱི་ལ་སྒེར་གྱི་ཟུར་སྦྱོང་སློབ་འཕྲིད་དང་། ཕྲུ་གུ་རང་ཉིད་ནས་དྲ་ལམ་ཐོག་དུས་ཚོད་མང་པོ་བཏང་སྟེ་གནས་ཚུལ་འདྲ་མིན་ལ་ལྟ་ཀློག་ལ་སོགས་པའི་དུས་ཚོད་ཆུད་ཟོས་གཏོང་རྒྱུའི་ཚབ་ངལ་གསོ་དང་། འཕྲོད་བསྟེན་ལ་དོ་སྣང་འབྱུང་ཐབས་ཡིན་ལུགས་གསལ་ཡོད་པ་རེད། གནས་ཚུལ་ནང་གསལ་ལྟར་འདས་པའི་ཟླ་ཤས་ནང་ཚུད་དུ་རྒྱ་ནག་གི་ཤེས་ཡོན་སློབ་གསོའི་ལས་ཁུངས་ནས་ལོ་ན་མ་སོན་པའི་སློབ་ཕྲུག་ཚོའི་དྲ་རྒྱའི་ཐོག་རྩེད་རིགས་ལ་རེས་གཟའ་པ་སངས་དང་། སྤེན་པ། ཉི་མ་བཅས་སུ་ དུས་ཡུན་ཚོུད་ཚོད་གཅིག་ལྷག་དུས་ཚོད་གཏོང་མི་ཆོག་པའི་བཀོད་ཁྱབ་བཏང་འདུག་པ་མ་ཟད་ཕ་མ་ཚོས་སློབ་གྲྭའི་གུང་སེང་རེས་གཟའ་སྤེན་པ་དང་ཉི་མ་བཅས་ཀྱི་རིང་ཕྲུ་གུ་ཚོར་སློབ་ཚན་ཆེ་ཁག་ཐོག་རང་ཁྱིམ་དུ་རང་སྦྱོང་དང་སྒེར་གྱི་ཟུར་སྦྱོང་སློབ་འཕྲིད་བྱེད་པའི་དུས་ཚོད་ལའང་ཚད་བཀག་བཟོས་ཡོད་འདུག།
གསར་འགོད་པ། དོན་གྲུབ་རྣམ་རྒྱལ།
རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།