རྒྱ་ནག་གིས་༢༠༡༨ལོའི་དགུན་དུས་ཨོ་ལིམ་པིག་གི་གོ་སྒྲིག་རེ་བ།
རྒྱ་ནག་གིས་ཉིས་སྟོང་བཅོ་བརྒྱད་ལོའི་དགུན་ཀའི་ནམ་དུས་ཀྱི་འཛམ་གླིང་གི་རྩེད་འགྲན་ཆེན་མོ་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་འཐོབ་པའི་དམིགས་ཡུལ།
-
2008-12-25 -
-
-
༄༅༎རྒྱ་ནག་གཞུང་གིས་ད་ལོའི་ཕྱི་ཟླ་བརྒྱད་པའི་ནང་ཕྱི་ལོ་༢༠༠༨ལོའི་དབྱར་ཀའི་ནམ་དུས་ཀྱི་ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་གཟེངས་སུ་ཐོན་པའི་ངང་གོ་སྒྲིག་ཞུས་པའི་རྗེས་སུ་མ་འོངས་པའི་ཕྱི་ལོ་༢༠༡༨ལོའི་དགུན་ཀའི་ནམ་དུས་ཀྱི་འཛམ་གླིང་གི་རྩེད་འགྲན་ཆེན་མོ་དེ་ཡང་རྒྱ་ནག་གིས་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་འཐོབ་པའི་དམིགས་ཡུལ་བཟུང་གི་ཡོད་པ་རེད། དམིགས་ཡུལ་དེ་འགྲུབ་པའི་ཆེད་དུ་སྔོན་འགྲོའི་སྟ་གོན་གྱི་ཚུལ་དུ་རྒྱ་ནག་གཞུང་གིས་ད་ལྟ་ནས་ཤིན་ཏུ་གྲང་ངར་ཆེ་བའི་རྒྱ་ནག་གི་ཆེས་བྱང་ཤར་ཁུལ་གྱི་ཧེ་ལུང་ཅང་ཞིང་ཆེན་གྱི་རྒྱལ་ས་ཧར་རྦིན་ནང་ཌོ་ལར་ས་ཡ་བཞི་རྒྱ་བཞི་ཅུ་ཐམ་པའི་འགྲོ་གྲོན་བཏང་སྟེ་ལོ་རྗེས་མའི་ཕྱི་ཟླ་གཉིས་པའི་ནང་འཛམ་གླིང་གི་ཆེས་མཐོའི་མཐོ་རིམ་སློབ་གྲྭ་ཁག་གི་སློབ་ཕྲུག་དབར་དགུན་ཀའི་རྩེད་འགྲན་ཚུགས་སའི་རྩེད་ཐང་དང་མཐུན་རྐྱེན་འཛུགས་བསྐྲུན་བྱེད་བཞིན་པ་ཡིན་པ་དང་དེའི་ཆེད་དུ་རྩེད་འགྲན་པ་བཞི་སྟོང་བཤོངས་ཐུབ་པའི་རྩེད་ཐང་དང་མཐུན་རྐྱེན་སྣ་ཚོགས་འཛུགས་བསྐྲུན་བྱེད་མུས་ཡིན་པ་རེད་ཧེ་ལུང་ཅང་ཞིང་ཆེན་གྱི་འགོ་ཁྲིད་ལིའི་ཀྲན་ཞུས་བརྗོད་དོན་ལྟར་ན་ལོ་རྗེས་མའི་ཕྱི་ཟླ་གཉིས་པའི་ནང་གི་འཛམ་གླིང་གི་མཐོ་རིམ་སློབ་གྲྭའི་དབར་གྱི་དགུན་ཀའི་རྩེད་འགྲན་གོ་སྒྲིག་ཞུ་རྒྱུའི་ལས་དོན་དེ་བཞིན་སྔོན་འགྲོའི་ལྟ་ཚོད་ལྟ་བུར་ཆ་འཇོག་བྱ་རྒྱུ་དང་རྒྱ་ནག་གིས་དགུན་ཀའི་རྩེད་འགྲན་གོ་སྒྲིག་བྱ་རྒྱུའི་ལས་དོན་དེའི་ཐད་ལ་རྩེད་འགྲན་པ་ཚོ་དང་སྐུ་མགྲོན་རྣམ་པ་ཚོས་བསྔགས་བརྗོད་གནང་བ་ཡིན་ན་ཕྱི་ལོ་༢༠༠༨ལོའི་དབྱར་ཀའི་ནམ་དུས་ཀྱི་ཨོ་ལིམ་པིག་རྩེད་འགྲན་ཆེན་མོ་གོ་སྒྲིག་ཞུ་རྒྱུའི་གོ་སྐབས་དེ་ཡང་རྒྱ་ནག་ལ་འཐོབ་རྒྱུའི་ཡིད་ཆེས་དང་གདེང་ཚོད་མཐོ་རུ་འགྲོ་རྒྱུ་ཡིན་པ་རེད།