ཇར་མ་ནི་སྐུ་ཚབ་ཚོགས་ཆུང་ཞིག་བོད་ནང་གཟིགས་སྐོར་དུ་ཕེབས་རྒྱུ།
ཇར་མི་ནི་རྒྱལ་ཁབ་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་རྒྱ་ནག་གིས་འབོད་པའི་བོད་རང་སྐྱོང་ལྗོངས་སུ་གཟིགས་སྐོར་ཕེབས་རྒྱུ་ཡིན་པ་བརྗོད་འདུག
-
2015-11-27 -
-
-
༄༅། །རྒྱ་ནག་གི་གཞུང་འབྲེལ་དྲ་རྒྱ་ཤིན་ཧང་གསར་ལས་ཁང་གིས་ཟླ་༡༡པའི་ཚེས་༢༤ཉིན་གནས་ཚུལ་སྤེལ་བ་གཞིགས་ན། གོང་ཞུས་ཉིན་དེར་རྒྱ་ནག་དང་ཇར་མིན་ནི་ཡུལ་གཉིས་བར་གྱི་ཐེངས་༡༣པའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྲོས་མོལ་བཀའ་བསྡུར་དེ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་གནང་ཡོད་པ་རྒྱ་ནག་གི་གཞུང་འབྲེལ་གསལ་བསྒྲཌ་ཤིག་སྤེལ་འདུག་པ་དེའི་ནང་། སྐབས་དེར་ཡུལ་གྲུ་གཉིས་ཀྱི་འབྲེལ་ཡོད་དཔོན་རིགས་ཁག་གིས་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐོག་བྱུང་རིམ་གསར་པ་དང་། འགྲོ་བ་མིའི་ཐོབ་ཐང་གི་ཐ་སྙད་ཀྱི་གོ་དོན་གསར་པ་མི་འདྲ་བའི་སྐོར་དང་། འགྲོ་བ་མིའི་ཐོབ་ཐང་ཐད་ལ་ཁྲིམས་ཐོག་གིས་སྲུང་སྐྱོབ་སོགས་ཀྱི་སྐོར་བསམ་ཚུལ་བརྗེ་རེས་བྱུང་ཡོད་པ་རེད། རྒྱ་ནག་གི་གཞུང་འབྲེལ་གསར་འགོད་གསར་བསྒྲགས་ནང་འཁོད་པ་གཞིགས་ན། ཡུལ་གྲུ་གཉིས་ཀྱི་ལོ་ལྟར་གྱི་འགྲོ་བ་མིའི་ཐོབ་ཐོང་ཐོག་གྲོས་མོལ་བཀའ་བསྡུར་དེའི་ཐོག་རྒྱ་ནག་གི་ཕྱི་སྲིད་ལས་ཁང་དང་། རྒྱ་ནག་གི་ཆེས་མཐོའི་ཁྲིམས་ཁང་། གྲངས་ཉུང་མི་རིགས་དང་། བདེ་འཇགས། དེ་བཞིན་གུང་ཁྲན་ཏང་གི་འབྲེལ་ཡོད་ལྷན་ཁང་གི་མི་སྣ་སོགས་མཉམ་ཞུགས་བྱས་ཡོད་འདུག། རྒྱ་ནག་གི་སྐུ་ཚབ་ཚོས་ཇར་མི་ནིན་གྱི་སྐུ་ཚབ་ཚོགས་པ་ལ་འདས་པའི་ལོ་དུས་ནང་ རྒྱ་ནག་གུང་ཁྲན་ཏང་གིས་འགྲོ་བ་མིའི་ཐོབ་ཐང་ཐོག་ཡར་རྒྱས་གྱི་མདུན་བསྐྱོད་རྣམ་པ་ཇི་ཡོད་གསལ་སྟོན་བྱས་ལུགས་བཀོད་པ་དང་། དེ་བཞིན་ཇི་མིན་ནན་གྱིས་རྒྱ་ནག་ནང་གི་འགྲོ་བ་མའི་གནས་སྟངས་ཐོག་ཕྱོགས་ཡོངས་ནས་ཕྱོགས་ལྷུང་མེད་པ་བལྟ་ཚུལ་འཛིན་དགོས་པ་ནན་སྐུལ་་བྱས་འདུག། དེ་བཞིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་དཔོན་རིགས་ Li Junhua,ཡིས་ཇར་མིན་ནི་ཡི་སྐུ་ཚབ་ཚོགས་པས་བོད་རང་སྐྱོང་ལྗོངས་སུ་བལྟ་སྐོར་དུ་འགྲོ་རྒྱུ་ཡིན་པ་དང་གཟིགས་བསྐོར་དེའི་བརྒྱུད་ནས་སྐུ་ཚབ་ཚོགས་པ་དེས། ས་ཁུལ་དེའི་དངོས་ཡོད་གནས་སྟངས་དེ་བཞིན་ཕྱོགས་ལྷུང་མེད་པ་ཤེས་རྟོགས་ཡོང་རྒྱུའི་རེ་བ་ཡོད་ཅེས་བརྗོད་འདུག
ཉེ་ཆར་ཨ་རིའི་རྒྱལ་ཡོངས་གྲོས་ཚོགས་འོག་མའི་འཐུས་མི་ལྕམ་ནེན་སི་པེ་ལོ་སི་ མཆོག་དང་འཐུས་མི་གཞན་དྲུག་སྤྱི་ཟླ་༡༡པའི་ཚེས་༩ནས་༡༡བར་བོད་ཀྱི་རྒྱལ་ས་ལྷ་སའི་ཁུལ་དུ་ཕེབས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་དཔོན་རིགས་ཁྲིན་ཆོན་ཀོ་སོགས་དང་ཐུག་འཕྲད་གནང་སྐབས། ༧གོང་ས་རྒྱལ་བ་རིན་པོ་ཆེན་མཆོག་དང་བོད་ཀྱི་གནད་དོན་སོགས་ཀྱི་སྐོར་ཚོར་བ་རྣོན་པོའི་བཀའ་བསྡུར་བྱུང་ཡོད་པ་རེད། སྐུ་ཚབ་ཚོ་རྒྱ་ནག་གཞུང་གི་བཀོད་སྒྲིག་འོག་ཡིན་མིན་ལ་མ་ལྟོས་བར་བོད་ཀྱི་གནས་སྟངས་ལ་གཟིགས་ཞིབ་ཀྱིས་ཕྲན་བུའི་མཁྱེན་རྒྱ་འཕེལ་བའི་རེ་བ་ཡོད་ལུགས་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གསུངས་ཡོད་པ་རེད། ད་ཐེངས་ཇི་མིན་ནི་ཡི་སྐུ་ཚབ་བོད་ནང་དུ་ཕེབས་ཐུབ་པ་ཡིན་ན་ཕྱི་རྒྱལ་གྱི་སྐུ་ཚབ་ཚོགས་ཆུངབོད་ནང་དུ་བཏང་བ་ཟླ་འདིའི་ནང་་ཐེངས་གཉིས་པ་དེ་ཆགས་ཀྱི་ཡོད་པ་རེད།།
གསར་འགོད་པ་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ།