རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་ཡང་སྲིད་རག་ཐབས་ཆེད་བླ་སྤྲུལ་ཚོ་བཙན་འགུག

རྒྱ་ནག་གཞུང་གིས་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་རག་ཐབས་ཆེད་བོད་ནང་གི་བླ་སྤྲུལ་ཚོར་རྒྱབ་སྐྱོར་བྱེད་དགོས་བའི་བཙན་བཀའ་གཏོང་གི་ཡོད་འདུག

འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པའི་ཕྱི་ལོ་༢༠༢༠་ལོའི་ལོ་འཁོར་སྙན་ཐོ་དང་དྲ་ངོས། ༢༠༢༠།༡ དྲ་བཤུས།

རྒྱ་ནག་གཞུང་གིས་མ་འོངས་༧གོང་ས་མཆོག་གི་ཡང་སྲིད་རག་ཐབས་ཆེད་བོད་ནང་གི་བླ་སྤྲུལ་ཚོར་རྒྱབ་སྐྱོར་བྱེད་དགོས་བའི་བཙན་བཀའ་གཏོང་གི་ཡོད་འདུག
རྒྱ་ནག་གཞུང་གིས་བོད་ནང་གི་བླ་སྤྲུལ་དགེ་བཤེས་གཙོས་བའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་ལ། རྒྱ་ནག་གཞུང་གིས་མ་འོངས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་གདམ་རྒྱུའི་སྲིད་ཇུས་ལ་མོས་མཐུན་རྒྱབ་སྐྱོར་ཞུ་དགོས་པའི་བཙན་བཀའ་གཏོང་གི་ཡོད་པ། འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པས་ཕྱི་ལོ་༢༠༢༠་ལོའི་ལོ་འཁོར་སྙན་ཐོ་བཏོན་པའི་ནང་བཀོད་གནང་འདུག
འགྲོ་བ་མིའི་ཐོབ་ཐང་ལྟ་རྟོགས་ཚོགས་པའི་ལོ་འཁོར་སྙན་ཐོ་དེ་བཞིན་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་འདོན་སྤེལ་གནང་ཡོད་པ་དང་། སྙན་ཐོ་དེའི་ནང་རྒྱ་ནག་གཞུང་ནི་འགྲོ་བ་མིའི་ཐོབ་ཐང་ལ་ཉེན་ཁ་བཟོ་མཁན་ཞིག་ཡིན་ལུགས་སྐྱོན་བརྗོད་དྲག་པོ་བྱས་འདུག
གོང་ཞུས་ལོ་འཁོར་སྙན་ཐོ་དང་འབྲེལ་ནས་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་བཅའ་བཞུགས་སྐུ་ཚབ་དོན་གཅོད་འཆི་མེད་རིག་འཛིན་ལགས་ཀྱིས། ཆོས་མེད་སྨྲ་བའམ་ཆོས་དུག་ཏུ་རྩིས་མཁན་རྒྱ་ནག་དམར་པོའི་གཞུང་ལ་བོད་ཀྱི་བླ་སྤྲུལ་རྣམ་པའི་ཡང་སྲིད་སྐོར་སྐད་ཆ་བཤད་པའི་ཐོབ་ཐང་རྩ་བ་ནས་མེད་པ་དང་། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་མ་འོངས་སྐུའི་ཡང་སྲིད་ཐུགས་ཐག་གཅོད་རྒྱུའི་སྐུ་དབང་༧མགོན་པོ་གང་ཉིད་མཆོག་དང་། རང་དབང་ལུང་པའི་ནང་གནས་བཞུགས་བོད་བརྒྱུད་ནང་བསྟན་གྱི་དབུ་ཁྲིད་ཐེ་བའི་བོད་མི་དམངས་ལ་མ་གཏོགས་གཞན་སུ་ལ་ཡང་མེད་པ་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་པའི་བླ་སྤྲུལ་གཙོས་པའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་རྣམས་ལ། ཡང་སྲིད་ཐད་རྒྱ་གཞུང་རང་ཉིད་ཀྱི་སྲིད་ཇུས་ལ་མོས་མཐུན་རྒྱབ་སྐྱོར་བྱེད་དགོས་པའི་བཙན་ཤེད་བཏང་བ་དེས་རྒྱ་ནག་གཞུང་གིས་༧སྐུའི་ཡང་སྲིད་ཐོག་སྐད་ཆ་སོགས་བཤད་རྒྱུའི་ཐོབ་ཐང་རྩ་བ་ནས་མེད་པ་ཤེས་བཞིན་པ་ར་སྤྲོད་བྱུང་བ་གསུངས་འདུག
ཡང་སྐུ་ཚབ་དོན་གཅོད་ཁང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་ཆེད་བཙུགས་གནང་བའི་ལས་བྱེད་འཕྲིན་ལས་ཆོས་སྐྱིད་ལགས་ཀྱིས། རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གཞི་རྩའི་སྒྲོམ་གཞི་བརྗེ་པོ་རྒྱག་རྒྱུའི་ཐབས་ཤེས་བྱེད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་མཚོན་པའི་གནད་དོན་ཡོངས་རྫོགས་རྒྱ་མིའི་ཁྱད་ཆོས་ལྡན་པ་བཟོ་འདོད་ཡོད་སྐོར་དང་། ད་ཆ་རྒྱ་ནག་གཞུང་ལ་ཁ་གཏད་གདོང་ལེན་བྱ་རྒྱུའི་དུས་ལ་བབས་ཡོད་པ་གསུངས་ཡོད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org