རྒྱ་ནག་གཞུང་གིས་བོད་ཤར་ཁུལ་དུ་གཏེར་ཁ་བསྔོག་འདོན།

རྒྱ་གཞུང་གིས་བོད་ཀྱི་ཤར་ཕྱོགས་མངའ་ཁུལ་ནང་གཏེར་་ཁ་བསྔོག་འདོན་གྱི་ལས་གཞིའི་ཐོག་རྒྱ་མིའི་ཤོག་སྒོར་འཐེར་འབུམ་༡༨གཏོང་འཆར།

༄༅༎རྒྱ་གཞུང་གིས་བོད་ཀྱི་ཤར་ཕྱོགས་མངའ་ཁུལ་ནང་གཏེར་་ཁ་བསྔོག་འདོན་གྱི་ལས་གཞིའི་ཐོག་རྒྱ་མིའི་ཤོག་སྒོར་འཐེར་འབུམ་ ༡༨ དམིགས་གཏོང་བྱེད་རྒྱུའི་འཆར་གཞི་ཡོད་པ་རེད་ ཉེ་སྔོན་ཟླ་བ་ ༣ སྔོན་རྒྱ་གཞུང་གིས་བོད་རང་སྐྱོངས་ལྗོངས་ཞེས་པའི་མངའ་ཁུལ་ནང་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་རྒྱ་སྐྱེད་གཏོང་རྒྱུའི་གསལ་བསྒྲགས་བྱས་པའི་རྗེས་ད་ཆ་བོད་ཤར་ཕྱོགས་མངའ་ཁུལ་དུ་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་དེ་དེ་སྔ་ལོ་ལྔའི་གོང་ལས་ལྡབ་ལྔ་ཡི་འགྲོ་གྲོན་མང་བ་གཏོང་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད་ རྒྱ་གཞུང་གིས་གཉེར་བའི་ཤིན་ཧ་གསར་འགྱུར་ལས་ཁང་གིས་གཞུང་ཕྱོགས་ནས་མ་འོངས་པའི་ལོ་ངོ་ལྔའི་ནང་བོད་ཀྱི་མཚོ་སྔོན་ཞིང་ཆེན་ནང་དངུལ་ཤོག་སྒོར་འཐེར་འབུམ་ ༡༨ འགྲོ་གྲོན་གཏང་ནས་གཏེར་ཁ་བསྔོག་འདོན་བྱ་རྒྱུའི་འཆར་གཞི་ཡོད་པའི་གནས་ཚུལ་བཏོན་ཡོད་པ་རེད་           གོང་ཞུས་ཀྱི་དངུལ་བབས་དེ་དག་མཚོ་སྔོན་ཞིང་ཆེན་ནང་གི་རྡོ་སོལ་དང་ལྕགས་གསེར་དང་ཞ་ནེ་སོགས་བསྔོག་འདོན་ཆེད་འགྲོ་གྲོན་གཏོང་རྒྱུའི་འཆར་གཞི་ཡོད་པ་རེད་ ཉེ་སྔོན་ཕྱི་ཟླ་ ༨ པའི་ནང་རྒྱ་གཞུང་གིས་བོད་རང་སྐྱོངས་ལྗོངས་ཞེས་འབོད་པའི་ས་ཁུལ་ནང་གཏེར་ཁ་བསྔོག་འདོན་གྱི་ལས་གཞི་རྒྱ་སྐྱེད་གཏོང་རྒྱུའི་འཆར་གཞི་ཡོད་པའི་གསལ་བསྒྲགས་བྱས་ཡོད་པ་རེད་            

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org