རྒྱ་ནག་གི་དཔལ་འབྱོར་གྱི་སྲིད་བྱུས་སྐོར་ལྷན་ཚོགས་གནང་རྒྱུ།
རྒྱ་གཞུང་གི་དཔོན་རིགས་རྣམས་ཉིན་གསུམ་རིང་ལྷན་ཚོགས་གནང་ནས་ཡུལ་གྱི་ཕྱི་ལོ་༡༠༠༩ལོའི་དཔལ་འབྱོར་གྱི་སྲིད་བྱུས་གཏན་འཁེལ་གནང་རྒྱུ།
-
2008-12-08 -
-
-
༄༅༎རྒྱ་ནག་གཞུང་གི་དཔོན་རིགས་རྣམས་ཉིན་གསུམ་རིང་ལྷན་ཚོགས་གནང་ནས་ཡུལ་གྱི་ཕྱི་ལོ་༡༠༠༩ལོའི་དཔལ་འབྱོར་གྱི་སྲིད་བྱུས་གཏན་འཁེལ་གནང་རྒྱུ་ཡིན་པ་རེད།
ལོ་རེའི་དབུས་དཔལ་འབྱོར་གྱི་ལྷན་ཚོགས་དེ་ནི་གལ་གནད་ཆེ་བའི་གནད་དོན་ཞིག་ཆགས་ཡོད་པ་དང་ལྷན་ཚོགས་དེར་སྲིད་འཛིན་ཧུའུ་ཇིན་ཐའོ་དང་སྲིད་བློན་ལྦན་ཇ་བའོ་རྣམ་གཉིས་ལྷན་ཞུགས་གནང་རྒྱུ་ཡིན་པ་རེད། འདི་ལོའི་རྒྱ་ནག་གཞུང་གི་དཔལ་འབྱོར་གྱི་ཚོགས་འདུ་དེ་ལོ་ངོ་བཅུ་ཕྲག་ཅིག་ནང་གི་གལ་གནད་ཆེ་ཤོས་དེ་ཆགས་ཀྱི་ཡོད་པ་དང་ཕྱི་ཚོང་ལ་ཤུགས་ཆེ་རྟེན་པའི་ལོ་འདིའི་རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་རྒྱས་དེ་ལོ་ངོ་བཅུ་ཕྲག་གཉིས་ནང་ཆུང་ཤོས་དེ་ཆགས་རྒྱུ་ཡིན་པའི་ཚོད་དཔག་གནང་མཁན་ཡོད་པ་རེད། རྒྱ་ནག་གི་གྲོང་ཁྱེར་ཧྲང་ཧའེ་ནང་རྟེན་གཞི་བྱས་པའི་དཔལ་འབྱོར་རིག་པ་བ་ཨེན་ཌི་ཤི་ཡིས་འདི་ལོའི་ཚོགས་འདུ་དེ་གལ་འགངས་ཆེན་པོ་ཞིག་ཆགས་ཡོད་པ་རེད། ཐག་གཅོད་ཁག་འཕྲད་དུ་བྱ་དགོས་ཆགས་ཡོད། དེ་མིན་ད་ལྟ་དཔལ་འབྱོར་གྱི་གནས་སྟངས་ཡག་པོ་མེད་པ་དེ་སྡུག་ཏུ་འགྲོ་རྒྱུ་ཡིན་པ་རེད་ཅེས་གསུངས་འདུག ཡང་ཁོང་གིས་རྒྱ་ནག་གི་དཔལ་འབྱོར་གྱི་འཕེལ་རྒྱས་དེ་ཕྱི་ཚོང་ནས་ཡོང་གི་ཡོད་པ་དང་ཡུལ་འཛམ་གླིང་དཔལ་འབྱོར་གཅིག་བསྡུས་ཀྱི་འཁོར་ཡུག་དེ་ནས་ཁེ་ཕན་ཆེ་ཤོས་ཐོབ་མཁན་ཞིག་ཡིན་པ་རེད། འཛམ་གླིང་གི་དཔལ་འབྱོར་དཀའ་རྙོག་དེས་རྒྱ་ནག་ལ་ཤུགས་རྐྱེན་ཆེན་པོ་ཐེབས་ཡོད་པ་རེད་ཅེས་གསུངས་འདུག ད་ཐེངས་ཀྱི་རྒྱ་ནག་གཞུང་གི་དཔལ་འབྱོར་ལྷན་ཚོགས་དེའི་ནང་ཡུལ་མི་རྣམས་ལ་ལས་ཀ་ཐབས་འཚོལ་དང་ཡུལ་མིའི་བཅའ་དངོས་མཁོ་གྲུབ་འཕེལ་རྒྱས་གཏོང་ཕྱོགས་ཡུལ་ཕྱི་ཚོང་ལ་ཤུགས་ཆེ་རྟེན་མི་དགོས་པ་དེ་བཞིན་དཔལ་འབྱོར་གྱི་འཕེལ་ཚད་དེ་ཉུང་མཐར་བརྒྱ་ཆ་བརྒྱད་བར་གནས་ཐུབ་པ་གནང་རྒྱུའི་སྐོར་སོགས་གྲོས་བསྡུར་གནང་རྒྱུ་ཡིན་པའི་གནས་ཚུལ་ཐོན་འདུག།