རྒྱ་ནག་གཞུང་གིས་ཡི་ཤུའི་འཁྲུངས་སྐར་ཉིནའདུ་འཛོམས་བཀག་སྡོམ་དང་དམ་དྲག
རྒྱ་ནག་གཞུང་གིས་རྒྱ་ནག་ནང་སྟོན་པ་ཡི་ཤུའི་འཁྲུངས་སྐར་ཉིན་མི་ཚོགས་ཕོན་ཆེན་འདུ་འཛོམས་རིགས་མི་ཆོག་པའི་དམ་དྲག་བཀག་སྡོམ་བྱས་འདུག
-
2019-12-25 -
-
-
རྒྱ་ནག་གཞུང་གིས་རྒྱ་ནག་ནང་སྟོན་པ་ཡི་ཤུའི་འཁྲུངས་སྐར་ཉིན་མི་ཚོགས་ཕོན་ཆེན་འདུ་འཛོམས་རིགས་མི་ཆོག་པའི་དམ་དྲག་བཀག་སྡོམ་བྱས་འདུག
སྤྱི་ཟླ་ ༡༢་པའི་ཚེས་༢༥་ནི་སྟོན་པ་ཡི་ཤུའི་འཁྲུངས་སྐར་གྱི་ཉིན་མོར་ཡིན་པ་དང་། འཛམ་གླིང་གི་ས་ཕྱོགས་གང་སར་ཡི་ཤུའི་ཆོས་ལུགས་ཀྱི་རྗེས་འཇུག་པ་ཚོས་ཉིན་མོ་དེ་རྣམ་པ་འདྲ་མིན་ཐོག་སྲུང་བརྩི་ཞུ་བཞིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་རྒྱ་ནག་ལྷོ་ཕྱོགས་ཀོང་ཏུང་(Guangdong)་ཞིང་ཆེན་དང་། བྱང་ཕྱོགས་ཧྲན་ཏུང་(Shandong)་ཞིང་ཆེན། དེ་བཞིན་ཡང་ཡུན་ནན་(Yunnan)་ ཞིང་ཆེན་དང་། ཟི་ཁྲོན་(Sichuang) ཀེ་ཀྲོའུ་(Guizhou)་ཞིང་ཆེན་ལ་སོགས་པའི་ནང་། ཚེས་༢༥་སྟོན་པ་ཡི་ཤུའི་འཁྲུངས་སྐར་གྱི་དུས་ཆེན་ཉིན་ཡི་ཤུའི་ཕྱག་འཚལ་ཁང་དང་། ཡང་ན་སོ་སོའི་ཁྱིམ་དུ་མི་ཚོགས་ཕོན་ཆེན་འདུ་འཛོམས་ཀྱིས་བྱེད་སྒོ་འདྲ་མིན་སྤེལ་མི་ཆོག་པའི་བཀའ་བཏང་བ་དང་། མི་ཚོགས་ཕོན་ཆེན་འཛོམས་ནས་བྱེད་སྒོ་རིགས་སྤེལ་ནས་གནས་ཚུལ་བྱུང་བ་ཡིན་ན། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཞིར་བཟུང་ཉེས་ཆད་ཕོག་རྒྱུའི་ཉེན་བརྡ་བཏང་ཡོད་པ་ཧྲན་ཏུང་(Shandong)་ཞིང་ཆེན་ནང་ཡོད་པའི་འབྲེལ་ཡོད་མི་སྣ་ཞིག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྒྱ་སྐད་སྡེ་ཚན་ལ་ངོ་སྤྲོད་གནང་ཡོད།
དེ་ཡང་ཁོང་གིས་གསུང་ན། ང་ཚོ་ཡི་ཤུའི་འཁྲུངས་སྐར་ཉིན་འདུ་འཛོམས་བྱེད་རྒྱུར་ཞེད་སྣང་སྐྱེས་དགོས་པ་ཞིག་བཟོས་སོང༌། ང་ཚོས་དགའ་སྟོན་གྱི་འདུ་འཛོམས་བྱེད་སྒོ་སོགས་གང་ཡང་བྱེད་ཐུབ་ཀྱི་མི་འདུག་ཟེར།
དེ་བཞིན་ཡང་གོང་ཞུས་ཞིང་ཆེན་ཁག་ནང་ཡོད་པའི་ཡི་ཤུའི་ཆོས་དད་པ་ཁག་ཅིག་གིས། དེ་རིང་གི་ཉིན་མོར་འཛམ་གླིང་ས་ཕྱོགས་གང་སར་སྟོན་པ་ཡི་ཤུའི་འཁྲུངས་སྐར་སྲུང་བརྩི་ཞུ་ཆོག་གི་ཡོད་ནའང་རྒྱ་ནག་ནང་གཞུང་ཕྱོགས་ནས་དམ་དྲག་དང་བཀག་སྡོམ་བྱེད་བཞིན་ཡོད་པ་གསལ་སྟོན་གནང་འདུག
སྤྱིར་རྒྱ་ནག་ནང་ཡི་ཤུའི་ཆོས་དད་པ་ས་ཡ་མང་པོ་ཡོད་པ་རེད།