མཚོ་བོད་ལྕགས་ལམ་བལ་ཡུལ་བར་རྒྱ་བསྐྱེད་གཏོང་རྒྱུའི་ཁས་ལེན།
མཚོ་བོད་ལྕགས་ལམ་དེ་བཞིན་བལ་ཡུལ་གྱི་ས་མཚམས་བར་དང༌དེ་ནས་བལ་ཡུལ་རྒྱལ་ས་བར་རྒྱ་བསྐྱེད་གཏོང་རྒྱུའི་ཁས་ལེན་བྱས་ཡོད་འདུག
-
2014-12-30 -
-
-
མཚོ་བོད་ལྕགས་ལམ་དེ་བཞིན་བལ་ཡུལ་གྱི་ས་མཚམས་བར་དང༌དེ་ནས་བལ་ཡུལ་རྒྱལ་ས་བར་རྒྱ་བསྐྱེད་གཏོང་རྒྱུའི་ཁས་ལེན་བྱས་ཡོད་འདུག
དེ་ཡང་བལ་ཡུལ་གྱི་ཉིན་རེའི་གསར་ཤོགThe Kathmandu Postཅེས་པའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ལམ་ཟླ་བ་འདིའི་ཚེས་༢༥ནས་༢༧བར་ཉིན་གྲངས་གསུམ་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་Wang Yiཡིས་བལ་ཡུལ་ནང་རྒྱལ་དོན་འཚམས་གཟིགས་གནང་ཡོད་པ་ལྟར། འཚམས་གཟིགས་ཀྱི་ཉིན་གཉིས་པ་སྟེ་འདི་ཚེས་༢༦ ཉིན་ཁོང་གིས་བལ་ཡུལ་གཞུང་གི་གནད་ཡོད་དཔོན་རིགས་རྣམ་པའི་ལྷན་དུ་མཇལ་འཕྲད་གྲོས་མོལ་གནང་བའི་སྐབས། རྒྱ་ནག་གཞུང་གིས་ད་ལྟའི་ཆར་མཚོ་བོད་རི་ལིའི་ལྕགས་ལམ་དེ་བཞིན་གཞིས་ཀ་རྩེ་ནས་སྐྱིད་གྲོང་བར་རྒྱ་བསྐྱེད་གཏོང་བཞིན་ཡོད་པ་དེ་ཕྱིན་ཆད་བལ་ཡུལ་གྱི་ས་མཚམས་ས་གནས་Rasuwaབར་འཐུད་རྒྱུའི་ཁས་ལེན་གནང་ཡོད་པ་མ་ཟད། གལ་སྲིད་ས་གནས་ཀྱི་གནས་བབ་རྟོག་ཞིབ་བྱས་པའི་རྗེས། ལས་དོན་སྒྲུབ་རུང་བ་ཞིག་ཡིན་པ་ཤེས་རྟོག་བྱུང་ཚེ། རི་ལིའི་ལྕགས་ལམ་བལ་ཡུལ་རྒྱལ་ས་ཀཐ་མན་གྲུ་བར་རྒྱ་བསྐྱེད་གཏོང་རྒྱུར་མཐུན་འགྱུར་རོགས་རམ་ཁས་ལེན་གནང་ཡོད་སྐོར་བལ་ཡུལ་ཕྱི་སྲིད་བློན་ཆེན་ Mahendra Bahadur Pandeyཡིས་གསུང་ཡོད་པའི་གནས་ཚུལ་སྤེལ་འདུག
གསར་འགོད་པ་ངག་དབང་ཆོས་འཕེལ།