ཁྲིམས་རྩོད་པ་ལོང་བར་བྲོས་བྱོལ་ལ་རོགས་པ་བྱེད་མཁན་འཇུ་བཟུང་།
Chen Guangchengདོ་དམ་སྐབས་བྲོས་བྱོལ་དུ་ཕྱིན་པར་རོགས་རམ་བྱེད་མཁན་ཤེས་ལྡན་པ་ Guo Yushan་འཇུ་བཟུང་བྱས་འདུག
-
2015-01-06 -
-
-
Chen Guangchengདོ་དམ་སྐབས་བྲོས་བྱོལ་དུ་ཕྱིན་པར་རོགས་རམ་བྱེད་མཁན་ཤེས་ལྡན་པ་ Guo Yushan་འཇུ་བཟུང་བྱས་འདུག
དེ་ཡང་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཁྲིམས་རྩོད་པ་མིག་ལོང་བ་ཡིན་པ་Chen Guangcheng་ཁྱིམ་ཚང་དུ་དོ་དམ་བྱས་པ་ནས་བྲོས་བྱོལ་དུ་ཕྱིན་པ་དེར་རོགས་རམ་བྱེད་མཁན་ཤེས་ལྡན་པ་Guo Yushan་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་དང་། ཤེས་ལྡན་པ་Guo Yushanཡིས་རྒྱ་ནག་ནང་ཞིབ་འཇུག་ཁང་ཞིག་གསར་འཛུགས་བྱས་ཏེ་རྒྱ་ནག་ནང་གི་ཚོང་ལས་ཀྱི་སྒྲིག་གཞི་དང་། སྤྱི་ཚོགས་བསྒྱུར་བཅོས་ཀྱི་ཐད་ལ་ཞིབ་འཇུག་བྱས་ཡོད་པ་དང། ཁོང་ན་ནིང་ཕྱི་ཟླ་བཅུ་པའི་ནང་འཛིན་བཟུང་བྱས་ཡོད་པར་བརྟེན། དེ་རིང་ཚེས༦ཉིན་Guo Yushanགྱི་བཟའ་ཟླ་Pan Haixiaཡིས་རོའུ་ཀྲར་གསར་འགྱུར་ལས་ཁང་ལ། རྒྱ་ནག་གཞུང་གིས་Guo Yushanལ་ཁྲིམས་འགལ་ཚོང་ལས་ཀྱི་བྱ་བ་གཉེར་བའི་ནག་ཉེས་བཙུགས་ཏེ་དངོས་སུ་འཛིན་བཟུང་བྱས་ཡོད་པའི་སྐོར་གསུངས་ཡོད་ཀྱང་ཁོང་ལ་བཙུགས་པའི་ནག་ཉེས་དེ་གནས་ཚུལ་ག་རེ་དང་འབྲེལ་བ་ཆགས་ཀྱི་ཡོད་མེད་ཤེས་རྟོགས་མེད་པའི་སྐོར་ངོ་སྤྲོད་བྱས་ཡོད་པ་རེད། རོའུ་ཀྲར་གསར་འགོད་པས། Guo Yushanབཀག་ཉར་བྱེད་ཡུལ་པེ་ཅིན་དོ་དམ་ཁང་ཨང་དང་པོར་གནས་ཚུལ་དེའི་སྐོར་འདྲི་རྩད་བྱེད་ཐབས་བྱས་ཀྱང་འབྲེལ་བ་བྱེད་ཡུལ་རགས་མེད་པ་རེད། Guo Yushanགྱིས་༢༠༡༢ ལོར་མིག་ལོང་བ་ཡིན་པའི་རྒྱ་ནག་གི་ཁྲིམས་རྩོད་པ་Chen Guangcheng གྲོང་གསེབ་ཁྱིམ་ཚང་དུ་དོ་དམ་འོག་ནས་བྲོས་བྱོལ་དུ་བསྐྱོད་རྒྱུར་ཐབས་ཤེས་བཏོན་རོགས་ཀྱི་རོགས་རམ་བྱས་ཡོད་པ་དང་། Chen གྲོང་གསེབ་ནས་བྲོས་བྱོལ་དུ་ཐར་ནས་པེ་ཅིང་དུ་ཡོད་པའི་ཨ་རིའི་གཞུང་ཚབ་ཁང་དུ་སྐྱབས་བཅོལ་ཞུ་ཐབས་བྱས་པའི་རྗེས་མཐར་རྒྱ་ནག་གཞུང་གིས་ཨ་རིར་འགྲོ་བསྐྱོད་བྱེད་དུ་བཅུག་ཏེ་ད་ལྟ་ཨ་རིའི་ནང་གནས་སྡོད་བྱེད་བཞིན་ཡོད་པ་རེད། དེ་སྔ་༢༠༠༨ལོར་རྒྱ་ནག་ནང་འོ་རྩམ་ནང་རྫས་འགྱུར་བསྲེས་ལྷད་བཏང་སྟེ་གནོད་འཚེ་ཕོག་པའི་མི་དམངས་ཚོར་Guoཡིས་བདེན་རྒྱབ་བྱས་པར་མི་དམངས་ནས་ཁོང་ལ་རྒྱབ་སྐྱོར་བྱས་པ་སོགས་ཀྱི་གནས་ཚུལ་བྱུང་ཡོད་ཅིང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པའི་ཞིབ་འཇུག་པ་Maya Wang ཞུ་བས། Guoའཛིན་བཟུང་བྱས་པ་དེ་ནི་འདས་པའི་ལོ་གཅིག་དང་ཟླ་དྲུག་རིང་ལ་མི་དམངས་ཀྱི་རང་དབང་ཐོག་ལ་དྲག་གནོན་གྱི་བྱ་སྤྱོད་ལག་བསྟར་བྱེད་བཞིན་དེ་སྔར་བས་ཤུགས་ཆེ་རུ་བཏང་བར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་ཉི་མ་གཡུ་སྒྲོན།