རྒྱ་ནག་གཞུང་གིས་ཡུ་ཀྲུབ་དྲ་རྒྱ་སྒོ་རྒྱབ་ཡོད་པ།
རྒྱ་མིའི་དམག་མིས་བོད་མིར་ཉེས་རྡུང་གཏོང་བཞིན་པའི་བརྙན་པར་ཡོད་པའི་དབང་གིས་ཡུ་ཀྲུབ་ཞེས་པའི་བརྙན་པར་བཀག་འགོག་བྱས་འདུག
-
2009-03-24 -
-
-
༄༅༎རྒྱ་ནག་གཞུང་གིས་ཡུ་ཀྲུབ་འམ་གནས་འཕྲིན་དྲ་རྒྱར་ཞེད་སྣང་མེད་སྐོར་འཆད་བཞིན་དུ་ཡུ་ཀྲུབ་ཞེས་པའི་བརྙན་པར་བཀག་འགོག་བྱས་འདུག་ལ་དབྱིན་ཇིའི་སྦི་སྦི་སི་རླུང་འཕྲིན་ཁང་གིས་རྒྱ་གཞུང་གིས་ཡུ་ཀྲུབ་བཀག་འགོག་བྱེད་དགོས་དོན་ནི་དེའི་ནང་རྒྱ་མིའི་དམག་མིས་བོད་པའི་དགེ་འདུན་པ་གཙོས་པའི་བོད་མིར་ཉེས་རྡུང་ཚོད་མེད་གཏོང་བཞིན་པའི་བརྙན་པར་ཡོད་པའི་དབང་གིས་ཡིན་ལུཌ་གནས་ཚུལ་སྤེལ་འདུག
བཙན་བྱོལ་བོད་མིས་ཉིན་ཤས་སྔོན་ཡུ་ཀྲུབ་བརྒྱུད་བརྙན་པར་འདོན་སྤེལ་བྱས་པའི་ནང་བོད་པའི་དགེ་འདུན་པ་དང་མི་སྐྱའི་ལག་པ་རྒྱབ་ལ་བསྡམས་ནས་ཐང་ལ་དྲན་མེད་དུ་འགྱེལ་ན་ཡང་ད་དུང་རྒྱ་མིའི་དམག་མིས་ཉེས་རྡུང་བཏང་བ་དང་རྒོག་རྒྱག་ཞུས་པ།དབུཌ་སུབ་གཏོང་བཞིན་པ་བཏོན་ཡོད་པ་རེད། རྒྱ་གཞུང་གིས་འདི་ལོའི་ཕྱི་ཟླ་དང་པོའི་ནང་ནས་གནས་འཕྲིན་དྲ་རྒྱའི་ཐོག་དམ་བསྒྲཌ་བྱེད་འགོ་བཙུགས་པ་ནས་བཟུང་བོད་སྐོར་གྱི་གནས་འཕྲིན་དྲ་རྒྱ་དང་གནས་ཚུལ་འདོན་སྤེལ་ཐེ་བའི་དྲ་རྒྱ་བརྒྱ་ཕྲག་འགའ་ཤས་སྒོ་རྒྱབ་པ་མ་ཟད་ཡུ་ཀྲུབ་ཞེས་བརྙན་པར་བརྒྱུད་ནས་རྒྱ་ནག་དམར་ཤོག་ཚོཌ་པར་ངོ་རྒོལ་སྐྱོན་བརྗོད་ཀྱི་གནས་ཚུལ་མང་པོ་འདོན་སྤེལ་བྱེད་ཐུབ་ཀྱི་ཡོད་སྟབས་རེས་གཟའ་ཟླ་བའི་ཉིན་ནས་བཟུང་རྒྱ་ནག་ནང་ཡུ་ཀྲུབ་བཀག་འགོག་བྱས་འདུག ཡིན་ནའི་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་པ་ཆིང་སྒང་གིས་དེའི་སྐོར་ཤེས་རྟོགས་མེད་སྐོར་བརྗོད་པ་མ་ཟད་རྒྱ་ནག་གཞུང་གིས་གནས་འཕྲིན་དྲ་རྒྱར་ཞེད་སྣང་བྱེད་ཀྱི་ཡོད་སྐོར་མི་མང་པོར་ནོར་འཁྲུལ་ཅན་གྱི་བག་ཆཌ་ཡོད་རུང་དོན་དངོས་སུ་དེའི་ལྡོག་ཕྱོཌ་དེ་རང་བདེན་པ་རེད་ཅེས་དང་གནས་འཕྲིན་དྲ་རྒྱ་བེད་སྤྱོད་བྱེད་མཁན་རྒྱ་ནག་མི་མང་ས་ཡ་སུམ་བརྒྱ་ཡོད་པ་དང་མི་མང་ས་ཡ་བརྒྱ་ཡིས་གནས་འཕྲིན་དྲ་རྒྱ་བརྒྱུད་གནས་ཚུལ་སྤེལ་བཞིན་པ་དེས་རྒྱ་ནག་གི་གནས་འཕྲིན་དྲ་རྒྱ་སྒོ་གདེང་ངེས་བཞིན་པ་ཕྱེ་ཡོད་རེད། ཡིན་ནའི་རྒྱལ་ཁབ་ཀྱི་བདེ་འཇཌ་ལ་གནོད་པའི་གནས་ཚུལ་ཁྱབ་སྤེལ་སྔོན་འགོག་ཆེད་དུ་ཁྲིམས་གཞི་བཀོད་སྡོམ་བྱེད་དགོས་ཀྱི་ཡོད་སྐོར་བརྗོད་འདུག གནད་དོན་དབྱེ་ཞིབ་པ་ཚོས་ལོ་འདི་ནི་ཕྱི་ལོ་༡༩༨༩ལོར་བེ་ཅིང་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ནང་རྒྱ་མིའི་སློབ་ཕྲུག་གི་ངོ་རྒོལ་རྔམ་སྟོན་བྱས་པའི་ཐོག་རྒྱ་གཞུང་གིས་དྲག་གནོན་ཤུཌ་ཆེ་བྱས་ཏེ་ལོ་ཉི་ཤུ་འཁོར་བའི་དུས་དྲན་གཙོས་པའི་འཚོ་རྣོར་ཆེན་པོར་རྩིས་པའི་དུས་དྲན་མང་པོ་ཞིག་འཁེལ་གྱི་ཡོད་སྟབས་རྒྱ་གཞུང་གིས་གནས་འཕྲིན་དྲ་རྒྱ་བཀག་འགོག་སོཌ་དམ་བསྒྲཌ་ཤུགས་ཆེ་བྱེད་ཀྱི་ཡོད་སྐོར་འགྲེལ་བརྗོད་གནང་འདུག།