རྒྱ་ནག་ནས་ཐོན་པའི་འབུ་རས་ཀྱིས་རྒྱ་གར་ཚོང་ལ་གནོད་སྐྱོན།

རྒྱ་ནག་གིས་ཐོན་སྐྱེས་བྱས་པའི་རིན་གོང་དམའ་བའི་འཕྲུལ་འཁོར་གྱིས་ཐག་ལས་བྱས་པའི་སའ་རི་ཚོང་གིས་གནོད་སྐྱོན་བཟོ་བཞིན་ཡོད་པ་རེད།

༄༅༎ལོ་ངོ་བརྒྱ་ཕྲག་མང་པོའི་རིང་རྒྱ་གར་གྱི་ལྦ་ར་ན་སི་གྲོང་ཁྱེར་ནང་ལག་པས་ཐག་པའི་འཛམ་གླིང་ནང་གྲགས་ཆེ་བའི་རྒྱ་གར་བུད་མེད་ཀྱི་འབུ་རས་གྱོན་ཆས་སའ་རིའི་Sariཚོང་ལ། དེང་སང༌རྒྱ་ནག་གིས་ཐོན་སྐྱེས་བྱས་པའི་རིན་གོང་དམའ་བའི་འཕྲུལ་འཁོར་གྱིས་ཐག་ལས་བྱས་པའི་སའ་རི་ཚོང་གིས་གནོད་སྐྱོན་བཟོ་བཞིན་ཡོད་པ་རེད།

འབུ་རས་ཐག་ལས་བྱེད་མཁན་འགའ་ཤས་ལས་ལྷག་མེད་པའི་ནང་ནས་གཅིག་རྒྱ་གར་བ་སྦརྡ་རུ་རྡིན་ཨན་ས་རི་ཡིས་ ཁོ་རང་དང་ལས་རིགས་གཅིག་པ་མང་པོ་ཞིག་ལ་དེང་སང་འབུ་རས་གྱོན་ཆས་ཀྱི་ཚོང་མེད་པར་ སྔོ་ཚལ་ཚོང་བ་འམ། ཇ་ཁང་ཟིམ་པ་། དེ་མིན་འགྲུལ་བསྐྱེལ་འཁོར་གསུམ་བཏང་ནས་འཚོ་བ་སྐྱེལ་ཐབས་བྱེད་བཞིན་ཡོད་པའི་སྐོར་བརྗོད་འདུག་ལ།  རྒྱ་གར་ནང་སྔ་མོ་ནས་དར་སྲོལ་ཡོད་པའི་སྦེ་ན་རསི་འབུ་རས་ཀྱི་སའ་རི་སྒྱུ་རྩལ་དེ་མ་བརླགས་པའི་རེ་བ་བྱས་འདུག་ལ། རྒྱ་གར་གཞུང་ནས་ཀྱང་རྒྱ་ནག་གིས་རིན་གོང་དམའ་པོར་ཕྱིར་ཚོང་བྱེད་བཞིན་པའི་སྤུས་ཚད་སྐྱོ་བའི་Silkགྱི་གྱོན་ཆས་དེ་ཚོའི་ཐོག་བཀག་སྡོམས་གནང་བ་འམ་ཡང་ན་ཁྲལ་ཆེ་ཙམ་སྐྱོན་དགོས་རྒྱུའི་འབོད་སྐུལ་བྱས་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org