པེ་ཅིང་ཁྲིམས་རྩོད་པའི་ཁྲིམས་བཤེར་གཉིས་པ་བྱེད་འཆར།

རྒྱ་ནག་གཞུང་གིས་པེ་ཅིང་ནང་གི་ཁྲིམས་རྩོད་པ་ལི་ཀྲུའང་ལ་བསྐྱར་དུ་ཁྲིམས་བཤེར་གཉིས་པ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

༄༅༎རྒྱ་ནག་གཞུང་གིས་པེ་ཅིང་ནང་གི་ཁྲིམས་རྩོད་པ་ལི་ཀྲུའང་ལ་བསྐྱར་དུ་ཁྲིམས་བཤེར་གཉིས་པ་བྱ་རྒྱུའི་འཆར་གཞི་ཡོད་པ་རེད།

དེ་ཡང་རེས་གཟའ་སྤེན་པའི་ཉིན་རྒྱ་ནག་གི་ཀྲང་ཅང་ཉིན་རེའི་ཚགས་པར་ཐོག་ལ། རྒྱལ་ས་པེ་ཅིང་གི་ཁྲིམས་རྩོད་པ་ལི་ཀྲུའང་ལ་རིང་མིན་ཕྱི་ཟླ་གཉིས་པའི་ཚེས་༢ཉིན་སྔ་དྲོའི་ཚོུད་༩དང་ཕྱེད་ཀའི་ཐོག་ཀྲོང་ཆིང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཨང་དང་པོ་ནས་བསྐྱར་དུ་ཁྲིམས་བཤེར་བྱ་རྒྱུའི་འཆར་གཞི་ཡོད་པའི་དུས་ཚེས་གསལ་པོ་བཀོད་ཡོད་པ་དང། ལི་ཀྲུའང་ལ་ལོ་གཉིས་དང་ཕྱེད་ཀའི་བཙོན་འཇུག་གི་ཉེས་ཆད་ཐག་གཅོད་བྱས་ཟིན་ཡོད་ཀྱང། ཁོང་གིས་ཉེ་ཆར་ཕྱི་ཟླ་དང་པོའི་ཚེས་༨ཉིན་བསྐྱར་དུ་ཁྲིམས་བཤེར་བྱ་དགོས་པའི་ཞུ་གཏུགས་བྱས་ཡོད་པ་རེད། ལི་ཀྲུའང་གི་ཁྲིམས་རྩོད་པ་ཀའོ་ཀྲི་ཁྲེང་གིས་བཤད་དོན། ཁོང་ལ་ཟླ་བ་དང་པོའི་ཚེས་༢༩རེས་གཟའ་པ་སངས་ཉིན་ཀྲོང་ཆིང་ཁྲིམས་ཁང་ནས་གཞུང་འབྲེལ་གྱི་བརྡ་ཐོག་འབྱོར་བ་དང། འཕྲལ་དུ་ཁོང་ཀྲོང་ཆིང་དུ་བསྐྱོད་དེ་བཙོན་ཁང་དུ་ཡོད་པའི་ལི་ཀྲུའང་ཐུག་འཕྲད་བྱས་པ་དང། ལི་ཀྲུའང་བཙོན་ཁང་དུ་བདེ་ཐང་ཡིན་ཞིང། ཁྲིམས་བཤེར་ཐེངས་གཉིས་པ་བྱེད་དུ་འགྲོ་རྒྱུའི་གྲ་སྒྲིག་ཨང་སར་ཡིན་ལུགས་བཤད་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org