བོད་མི་ཞི་རྒོལ་བར་ཁྲིམས་གཏུཊ་ཕྱིར་འཐེན་གནང་བ།

དབྱིན་ཇིའི་ལོན་ཊོན་ཉེན་རྟོག་པས་བོད་མི་ཞི་བའི་ངོ་རྒོལ་བར་ཉེས་འཛུཊ་ཁྲིམས་གཏུཊ་བྱས་བ་ད་ཆ་ཕྱིར་འཐེན་གནང་ཡོད་པ།

དབྱིན་ཡུལ་དུ་རྒྱ་ནག་གི་སྲིད་འཛིན་ཕེབས་ཡུལ་ལ་བོད་ཀྱི་རྒྱལ་དར་འཕྱར་ནས་ངོ་རྒོལ་བྱེད་བཞིན་པ། ༢༠༡༥།༡༠།༢༡ TCUK

དབྱིན་ཇིའི་ལོན་ཊོན་ཉེན་རྟོག་པས་བོད་མི་ཞི་བའི་ངོ་རྒོལ་བར་ཉེས་འཛུཊ་ཁྲིམས་གཏུཊ་བྱས་བ་ད་ཆ་ཕྱིར་འཐེན་གནང་ཡོད་པ།
དེ་ཡང་ཉེ་ལམ་རྒྱ་ནག་གི་སྲིད་འཛིན་དབྱིན་ཡུལ་གྱི་རྒྱལ་སར་གཞུང་དོན་མཚམས་གཟིགས་སུ་ཕེབས་སྐབས། བོད་པའི་བེུད་གཉིས་ཀྱིས་རྒྱ་ནག་གི་སྲིད་འཛིན་མཆོག་གི་སྣུམ་འཁོར་རུ་བསྟར་མདུན་དུ། བོད་ཀྱི་རྒྱལ་དར་ཕྱར་སྟེ་ཞི་བའི་ངོ་རྒོལ་བྱས་པའི་རྐྱེན་ཁྲིམས་ཐོག་ནས་སྐྱོན་འཛུགས་བྱས་ཡོད་པ་དེ་ལོན་ཊོན་ཉེན་རྟོག་ལས་ཁུངས་ནས་ཁ་ས་ཕྱིར་འཐེན་བྱས་ཡོད་པ་རེད།
ཉེ་སྔོན་ཕྱི་ཟླ་༡༠པའི་ཚེས་༢༡ཉིན། རྒྱ་ནག་གི་སྲིད་འཛིན་Xi Jinpingནས་དབྱིན་ཡུལ་དུ་རྒྱལ་དོན་མཚམས་གཟིགས་ཐོག་མ་དེ་ཕེབས་སྐབས། རྒྱལ་ས་ལོན་ཊོན་གྱི་ལམ་གཞུང་སྟེང་ བོད་དོན་ལས་འགུལ་བ་བེུད་བསོད་ནམ་ཆོས་སྒྲོན་དང་། བྱམས་དཔལ་ལྷ་མོ་ཞུ་བ་གཉིས་ནས་ རྒྱ་ནག་གི་སྲིད་འཛིན་མཆོག་གི་སྣུམ་འཁོར་རུ་བསྟར་མདུན་དུ་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་གྱི་བོད་ཀྱི་རྒྱལ་དར་ཕྱར་རྩིས་བྱས་པར་། ལོན་ཊོན་ཉེན་རྟོག་པས་ཁོང་གཉིས་དོ་དམ་འཛིན་བཟུང་བྱས་ཡོད་པ་རེད།
ཉེན་རྟོག་པས་བོད་པའི་བེུད་དེ་གཉིས་ཀྱིས་བོད་ཀྱི་རྒྱལ་དར་ཕྱར་བ་དེ་སྡིག་རའི་བྱ་སྤྱོད་སྤེལ་ཐབས་བྱས་པའི་ཉེན་བཙུགས་འོག་བཙོན་ཁང་ནང་ཚོིུད་༢༤རིང་དོ་དམ་བཀག་ཉར་བྱས་ཡོད་པ་མ་ཟད། ཉིན་དེའི་མཚན་མོ་ཉེན་རྟོག་པས་ཁོང་གཉིས་ཀྱི་ཁྱིམ་ཁང་ནང་བསྔོགས་བཤེར་ཡང་བྱས་པའི་གནས་ཚུལ་བྱུང་ཡོད་པ་རེད།
ཁོང་གཉིས་འཛིན་བཟུང་བཀག་ཉར་བྱས་པའི་རྗེས་ཁྲིམས་རྩོད་པས་གཏའ་དངུལ་འགན་ལེན་འོག་ཁོང་གཉིས་གློད་གྲོལ་བྱུང་ཡང་། ཁྲིམས་ཐོག་ནས་གྱོད་གཞི་རྩོད་ལེན་བྱེད་དགོས་པའི་གནས་སྟངས་ཆགས་ཡོད་པ་རེད། ཡིན་ནའང་ཚེས་༣༠ཉིན་Evening Standardཞེས་པའི་དབྱིན་ཡུལ་གྱི་གསར་ཤོག་ཐོག་གནས་ཚུལ་ཐོན་པའི་ནང་། རྒྱལ་ས་ལོན་ཊོན་ཉེན་རྟོག་ལས་ཁུངས་ནས། བསོད་ནམས་ཆོས་སྒྲོལ་ལགས་དང་། བྱམས་དཔལ་ལྷ་མོ་གཉིས་ལ་སྡིག་རའི་བྱ་སྤྱོད་སྤེལ་ཐབས་བྱས་པའི་སྐོར་ཁྲིམས་ཐོག་ནས་ཉེས་བཙུགས་བྱས་པ་དེ་ད་ཆ་ཕྱིར་འཐེན་བྱས་ཡོད་པ་དང་། ལོན་ཊོན་བོད་རིགས་ཚོགས་པའི་ཚོགས་གཙོ་ཚེ་རིང་པ་སངས་ལགས་ཀྱིས་ གནས་ཚུལ་དེ་དངོས་ལྡན་ཡིན་པ་ར་སྤྲོད་གནང་འདུག
བོད་རིགས་ཚོགས་པའི་ངོས་ནས་ཉེན་རྟོག་ལས་ཁུངས་ཀྱིས་ཞིབ་འཇུག་ཚོགས་ཆུང་ལ། ལོན་ཊོན་ཉེན་རྟོག་པས་ཞི་རྒོལ་གྱི་རང་དབང་ལ་དམ་དྲག་བྱས་པའི་གནད་དོན་ཐད་ཞིབ་འཇུག་མཐར་ཕྱིན་དགོས་པའི་ཞུ་གཏུགས་བྱ་རྒྱུ་ཡིན་པ་གསུངས་འདུག
ཉེན་རྟོག་པས་བོད་མི་ལས་འགུལ་བ་གཉིས་འཛིན་བཟུང་བྱས་པ་དང་། ཁྲིམས་ཐོག་ནས་ཉེས་བཙུགས་བྱས་པའི་གནད་དོན་འདི་བཞིན་དབྱིན་ཇིའི་གྲོས་ཚོགས་ཀྱི་འཐུས་མི་སྐུ་ཞབས་Fabian Hamiltonམཆོག་གིས། རེས་གཟའ་ཟླ་བ་ཉིན་གྲོས་ཚོགས་ནང་ཡང་གླེང་སློང་གནང་ཡོད་པ་དང་། ད་ཆ་ཁྲིམས་ཐོག་ནས་ཉེས་བཙུགས་ཕྱིར་འཐེན་བྱས་པའི་གནས་ཚུལ་ཐོན་པའི་རྗེས་སྐུ་ཞབས་Hamiltonམཆོག་ནས་དེར་དགའ་བསུ་དང་སྦྲགས། ཐོག་མ་ཉིད་ནས་བོད་པའི་བེུད་གཉིས་ལ་ཁྲིམས་ཐོག་ནས་ཉེས་བཙུགས་བྱས་པ་དེ་གཞི་གཏན་གང་ཡང་མེད་པའི་སྐྱོན་འཛུགས་ཞིག་ཡིན་པ་གསལ་འདོན་གནང་འདུག

གསར་འགོད་པ་དོན་གྲུབ་རྣམ་རྒྱལ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org