བོད་དོན་རྒྱབ་སྐྱོར་འཚོལ་ཐབས་ཡོང་བའི་འབོད་སྐུལ་ཞུས་འདུག
ཨོསི་ཀྲེ་རི་ལི་ཡའི་ཡེ་ཤུའི་ཆོས་ལུགས་མཐུན་སྒྲིལ་གྱི་འབྲེལ་མཐུད་པས་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་གནང་འདུག
-
2017-04-21 -
-
-
ཨོསི་ཀྲེ་རི་ལི་ཡའི་ཡེ་ཤུའི་ཆོས་ལུགས་མཐུན་སྒྲིལ་གྱི་འབྲེལ་མཐུད་པས་བཞུགས་སྒར་རྡ་རམ་ས་ལར་འཚམས་གཟིགས་གནང་འདུག
དེ་ཡང་འདི་ཚེས་༡༩་ཉིན་ཨོསི་ཀྲེ་རི་ལི་ཡའི་ཡེ་ཤུའི་ཆོས་ལུགས་མཐུན་སྒྲིལ་གྱི་འབྲེལ་མཐུད་པ་སྐུ་ཞབས་William Crews ལགས་བཞུགས་སྒར་ལ་ཕེབས་ནས་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་མཇལ་ཁ་ཞུས་ཡོད་ལ། དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་དང་གྲོས་ཚོགས་ཀྱི་གནད་ཡོད་དབུ་ཁྲིད་ཁག་དང་ཡང་མཇལ་འཕྲད་གནང་ཡོད་པ་རེད།
ཁོང་ནི་དུས་རྒྱུན་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་དད་གུས་ཡོད་པ་དང་། ལྷག་པར་དུ་བོད་མིའི་འཐབ་རྩོད་ལ་རྒྱབ་སྐྱོར་ཆེན་པོ་གནང་མཁན་ཞིག་ཀྱང་ཡིན་པ་རེད། ཁོང་ལ་བོད་མི་དམངས་སྤྱི་འཐུས་ལྷན་ཁང་གི་ཚོགས་གཞོན་ཨ་ཅརྱ་ཡེ་ཤེས་ཕུན་ཚོགས་མཆོག་ནས་གྲོས་ཚོགས་ནང་སྣེ་ལེན་ཞུས་པ་དང་། སྐུ་ཞབས་ William Crews ལ་Australia ཙམ་མ་ཡིན་པར། ཉེ་འཁོར་རྒྱལ་ཁབ་ནིའུ་ཛི་ལེནཌ་དང་། ཨིན་རྡུ་ནེ་ཤི་ཡ་བཅས་ཀྱི་ནང་ལའང་བོད་དོན་རྒྱབ་སྐྱོར་འཚོལ་ཐབས་གནང་སྐྱོང་ཡོང་བའི་འབོད་སྐུལ་གནང་འདུག།
གསར་འགོད་པ་རིག་ལྡན་སྒྲོལ་མ།