ཉེན་འགོག་བལྟ་སྲུང་གི་ཆེད་མི་སེར་བརྒྱད་འབུམ་ལྔ་ཁྲི་འདུ་བསྐོང་།

རྒྱ་ནག་གིས་པེ་ཅིན་གྱི་དུས་དྲན་སྐབས་ཉེན་འགོག་བལྟ་སྲུང་གི་ཆེད་ཞི་བའི་མི་སེར་བརྒྱད་འབུམ་ལྔ་ཁྲི་འདུ་བསྐོང་བྱས་ཡོད་པ་རེད།

རྒྱ་ནག་པེ་ཅིང་ལ་བདེ་སྲུང་མི་སྣས་སྐོར་གཡེང་བྱེད་བཞིན་པའི་པར་རྙིང་། AFP

རྒྱ་ནག་གིས་པེ་ཅིན་གྱི་དུས་དྲན་སྐབས་ཉེན་འགོག་བལྟ་སྲུང་གི་ཆེད་ཞི་བའི་མི་སེར་བརྒྱད་འབུམ་ལྔ་ཁྲི་འདུ་བསྐོང་བྱས་ཡོད་པ་རེད།
དེ་ཡང་འདི་ལོའི་ཕྱི་ཟླ་༩ པའི་ཚེས་༣ཉིན་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ། དེ་སྔ་ཕྱི་ལོ་༡༩༤༥ལོར་ཨ་རི་དང་དབྱིན་ཇི་གཉིས་ཀྱིས་སྣེ་འཁྲིད་བྱས་པའི་མཐུན་ཕྱོགས་སྒྲིག་འཛུགས་ཀྱིས་རོགས་སྐྱོར་འོག རྒྱ་ནག་ནང་གོ་མིན་ཏང་གཞུང་གིས་ཉི་ཧོང་གི་དམག་དཔུང་ལ་ཕམ་ཉེས་བཏང་ཐུབ་པ་བྱུང་ནས་འཛམ་གླིང་དམག་ཆེན་གཉིས་པ་མཇུལ་བསྒྲིལ་ནས་མི་ལོ་༧༠་འཁོར་བའི་དུས་དྲན་སྲུང་བརྩི་ཞུ་གི་ཡོད་པ་ལྟར། སྐབས་དེར་བདེ་འཇགས་ལ་ཉེན་ཁ་བཟོ་གཞིའི་གནས་ཚུལ་རིགས་མི་ཡོང་བའི་ཆེད་གྲོང་ཁྱེར་གྱི་ས་གནས་གང་སར་ཉེན་རྟོག་པ་དང་། དམག་མི་འགྲེམ་འཇོག་བྱེད་རྒྱུ་ཡིན་པའི་ཁར། དེའི་ཐོག་སྤྱི་ཚོགས་ནང་བལྟ་སྲུང་བྱེད་མཁན་གྱི་ཡུལ་དམག་ལྟབུའི་མི་སེར་བརྒྱད་འབུམ་ལྔ་ཁྲི་གོ་སྒྲིག་བྱས་ཡོད་པ་དང་། ཁོང་ཚོས་རྒྱལ་ས་པེ་ཅིང་གི་ཁྲོམ་གཞུང་དང་། ཚོང་ཁང་བཅས་པར་མྱུལ་ཞིབ་ཀྱི་སྐོར་གཡེང་བྱ་རྒྱུ་ཡིན་པ་རེད།
ཡུལ་དམག་དེ་ཚོར་སྔོན་ཚུད་ནས་དགོས་མཁོའི་སྦྱོང་བརྡར་སྤྲད་ཡོད་རེད་ཅེས་རྒྱ་ནག་གཞུང་གཉེར་ཤིན་ཧྭ་གསར་འགྱུར་ལས་ཁང་གིས་འདི་ཚེས་༢༠ཉིན་སྤེལ་བའི་གནས་ཚུལ་ནང་བཀོད་འདུག
གནས་ཚུལ་ནང་མུ་མཐུད་འཁོད་གསལ་ལ་གཞིགས་ན། གོང་ཞུས་དུས་དྲན་སྲུང་བརྩིའི་མཛད་སྒོ་དེའི་སྐབས་རྒྱལ་ས་པེ་ཅིང་གི་གནམ་སྡེ་སྒོ་མོ་ཆེའི་ཐང་ཆེན་དུ་དམག་མི་དང་། ཞི་བའི་མི་སེར་བཅས་པས་རུ་སྒྲིག་དང༌། དེ་བཞིན་དྲག་པོའི་གོ་མཚོན་འདྲ་མིན་འགྲེམ་སྟོན་བྱེད་འཆར་ཡོད་པ་དང༌། དུས་སྟོན་མཛད་སྒོ་དེར་ཕེབས་རྒྱུ་ཡིན་པའི་གསལ་བསྒྲགས་བྱེད་མཁན་གྱི་ཁོངས་སུ་ད་བར་ར་ཤེ་ཡའི་སྲིད་འཛིན་Vladimir Putinདང༌། ལྷོ་ཀོ་རི་ཡའི་སྲིད་འཛིན་ Park Geun-Hyeརྣམ་གཉིས་བྱུང་ཡོད་འདུག

གསར་འགོད་པ་ངག་ཆོས།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org