གྲོས་ཚོགས་འཐུས་མི་ཁག་ཅིག་གི་བཞུགས་སྒར་དུ་གསར་འགོད་ལྷན་ཚོགས།

ཨོ་སི་ཀྲོ་ལི་ཡའི་གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བཞུགས་སྒར་དུ་གསར་འགོད་ལྷན་ཚོགས་ཞིག་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད་པའི་གནས་ཚུལ་ཐོན་འདུག

གྲོས་ཚོགས་འཐུས་མི་ཁག་ཅིག་གིས་བཞུགས་སྒར་དུ་གསར་འགོད་ལྷན་ཚོགས་འཚོགས་པའི་སྐབས། Tibet.net

ཚེས་༢༣་ཉིན་བཞུགས་སྒར་རྡ་རམ་ས་ལའི་མེག་ལོར་གྷན་ཇིར་ཡོད་པའི་ནོར་བུ་གསོལ་མགྲོན་ཁང་དུ་Australian གྲོས་ཚོགས་འཐུས་མི་སྐུ་ཞབས་ Derryn Hinch མཆོག་དང་  སྐུ་ཞབས་Kevin Andrews མཆོག  སྐུ་ཞབས་ Kimberly Kitching མཆོག་  དེ་བཞིན་ལྕམ་སྐུ་Meryl Jane Swanson བཅས་ཀྱིས་གསར་འགོད་ལྷན་ཚོགས་ཐོག་དབུ་མའི་ལམ་གྱི་སྲིད་བྱུས་ལ་རྒྱབ་སྐྱོར་ཤུགས་ཆེ་གནང་འདུག་  སྐབས་དེར་ཕྱི་ནང་གི་གསར་འགོད་པར་ཐོག་མར་ཕྱི་དྲིལ་གསར་འགོད་འབྲེལ་མཐུད་འགན་འཛིན་འཇམ་དཔལ་གཞོན་ནུ་ལགས་ཀྱིས་གྲོས་ཚོགས་འཐུས་མི་རྣམས་ངོ་སྤྲོད་གནང་བ་དང་སྦྲགས་Australian གྲོས་ཚོགས་འཐུས་མིའི་སྐུ་ཚབ་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་Derryn Hinch མཆོག་གིས་ཐེངས་དེར་ང་ཚོར་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་རྒྱུའི་སྐལ་བཟང་གི་གོ་སྐབས་ཐོབ་བྱུང་ལ།    དེ་བཞིན་རྡ་སར་ཡོད་པའི་བོད་མིའི་སློབ་གྲ་ཁག་དང་།  དགོན་སྡེ་གྲྭ་ཚང་ཁག  དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ཕྱག་ལས་གནང་སྟངས་སོགས་རྒྱུས་ལོན་ཐུབ་པ་བྱུང་དེར་བརྟེན་ང་ཚོས་བོད་མི་རྣམས་ཀྱིས་རང་གི་ཐོུང་མ་ཡིན་པའི་རིག་གཞུང་དང་།  སྐད་ཡིག་སོགས་རྒྱུན་འཛིན་ཇི་ལྟར་གནང་བཞིན་ཡོད་པ་གསལ་པོ་ཤེས་བྱུང་། ལྷག་པར་གཞིས་བྱེས་བོད་མི་ཚོས་ཚོར་ཤུགས་ཆེན་པོའི་ཐོག་ནས་དབུ་མའི་ལམ་གྱི་སྲིད་བྱུས་འོག་ནས་མིང་དོན་མཚུངས་པའི་རང་སྐྱོང་གི་གནས་བབ་ཚད་ལྡན་ཞིག་ཐོབ་ཐབས་གནང་བཞིན་ཡོད་པ་མཐོང་བྱུང་། དབུ་མའི་ལམ་གྱི་སྲིད་བྱུས་ནི་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཕྱི་ལོ་ ༡༩༧༤ ལོ་ནས་ཐུགས་བརྩོན་མཛད་པའི་འབྲས་བུར་ཕྱི་ལོ་ ༢༠༡༠ བར་རྒྱ་ནག་གཞུང་དང་ལྷན་གཞུང་འབྲེལ་དང་གཞུང་འབྲེལ་མིན་པའི་ཐོག་ནས་འབྲེལ་བ་གནང་ཐུབ་པ་བྱུང་ཡོད།གལ་ཏེ་དབུ་མའི་ལམ་གྱི་སྲིད་བྱུས་ལག་བསྟར་རྒྱུན་སྐྱོང་མ་ཐུབ་ཚེ་གོ་སྐབས་དེ་དག་ཤོར་ནས་ད་ལྟའི་གནས་སྟངས་ཧ་ཅང་ཛ་དྲག་ངང་གནས་རྒྱུ་རེད།  དེར་བརྟེན་དབུ་མའི་ལམ་གྱི་བཞེངས་ཕྱོགས་ལ་ང་ཚོས་མཐའ་གཅིག་ཏུ་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་དང་།  ང་ཚོ་ད་རེས་Australia གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་གི་ངོ་བོའི་ཐོག་ནས་འདིར་བཅར་དགོས་དོན་དེའང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གྱི་འབོད་སྒྲ་དེ་ད་དུང་ཤུགས་ཆེ་རུ་གཏོང་རྒྱུའི་ཆེད་དང་།  ང་ཚོའི་བསམ་པར་བོད་ཀྱི་གནད་དོན་ངེས་པར་དུ་སེལ་དགོས་པ་དང་། དེ་སེལ་བར་ཐབས་ལམ་བཟང་ཤོས་དེ་དབུ་མའི་ལམ་གྱི་ཐབས་ལམ་དེ་མཐོང་བཞིན་འདུག་ཅེས་སོགས་ད་རེས་བཞུགས་སྒར་དུ་ཕེབས་པའི་Australia གྲོས་ཚོགས་འཐུས་མི་ཚོས་གསལ་སྟོན་གནང་ཡོད་པ་རེད།

གསར་འགོད་པ་དབྱངས་སྒྲོན།
2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org