ཨེ་ཤེ་ཡའི་ཁུལ་ཉི་མ་གཟའ་འཛིན་རྒྱུན་རིང་ཤོས་དེ་མཐོང་རྒྱུ།

ཨེ་ཤེ་ཡའི་ཁུལ་དུ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཉི་མ་གཟའ་འཛིན་རྒྱུན་རིང་ཤོས་དེ་མཐོང་རྒྱུ་ཡིན་འདུག

༄༅༎ཨེ་ཤེ་ཡའི་ཁུལ་དུ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ཉི་མ་གཟའ་འཛིན་རྒྱུན་རིང་ཤོས་དེ་མཐོང་རྒྱུ་ཡིན་འདུག

དེ་ཡང་ཕྱི་ཚེས་ཉི་ཤུ་གཉིས་ཐོག་མར་རྒྱ་གར་གྱི་གྲོང་ཁྱེར་མུམ་སྦའེ་གྱི་ནུབ་ཕྱོགས་མཚོ་ཁུལ་ཁམ་སྦཏ་ནས་ཉི་མ་གཟའ་འཛིན་འགོ་ཚུགས་སྟེ་རིམ་པས་རྒྱ་གར་དང་བལ་ཡུལ།འབར་མ།སྦང་ལ་རྡེཤི་དང་འབྲུག་ཡུལ།རྒྱ་ནག་གཞི་བདེ་རྒྱ་མཚོ་རྒྱུད་ཉི་ཧོང་གི་ལྷོ་ཕྱོགས་ས་ཁུལ་ཁག་ཅིག་ནས་མཇུག་སྒྲིལ་གྱི་ཡོད་པ་དང་དེ་ནི་འདས་པའི་ལོ་ངོ་བཞི་ཅུ་ཞེ་དྲུག་ནང་ཉི་ཧོང་ནང་ཉི་མ་གཟའ་འཛིན་ཐོག་མ་དེ་ཡིན་པར་བརྟེན་ཉི་མ་གཟའ་འཛིན་མཐོང་སའི་ཉི་ཧོང་གི་གླིང་ཕྲན་དེའིནང་ཉི་ཧོང་གི་ས་གནས་གང་ས་ནས་ཚན་རིག་པ་དང་དེ་མིན་གཟའ་འཛིན་ལ་ལྟ་འདོད་ཡོད་མཁན་གྲི་གྲངས་འཕོན་ཆེ་འཛོམས་ནས་ཉི་མ་གཟའ་འཛིན་ཡོང་རྒྱུར་སྒུག་སྡོད་བྱེད་བཞིན་ཡོད་པ་དང་དེ་བཞིན་ཉི་མ་གཟའ་འཛིན་དེ་བཞིན་རྒྱ་ནག་གི་གྲོང་ཁྱེར་གྲན་དུ་དང་གྲུང་ཆིང༌།ཧའ་ཕད།ཧྲང་ཧད།ཧང་ཀྲའོ་སོགས་ནང་མཐོང་རྒྱུ་ཡིན་པ་དང་ཕྱི་རྒྱལ་གྱི་གནམ་དཔྱད་རིག་པ་ཁག་ཅིག་དུས་ཡུན་གཟའ་འཁོར་གཉིས་ཙམ་གྱི་གོང་ནས་རྒྱ་ནག་ལྕགས་རི་རིང་པོའི་སྟེང་ནས་ཉི་མའི་གཟའ་འཛིན་ལ་རྟག་དཔྱད་བྱ་རྒྱུའི་ཆེད རྒྱ་ནག་ནང་ཆེད་ཕེབས་གནང་ཡོད་པ་རེད། ཉི་མ་ཡོངས་རྫོགས་གཟའ་འཛིན་བྱེད་ཡས་དེ་རིགས་ལོ་ངོ་བཅོ་བརྒྱད་ནང་སའི་གོ་ལའི་ཐོག་ཐེངས་གཅིག་མཐོང་གི་ཡོད་པ་དང་ལོ་ངོ་བཅོ་བརྒྱད་ཀྱི་གོང་ཨ་རིའི་ཧའ་ལྦ་ཡི་གླིང་ཕྲན་དུ་ཉི་མ་གཟའ་འཛིན་མཐོང་ཡོད་པ་རེད། ད་རེས་ཀྱི་ཉི་མ་གཟའ་འཛིན་དེ་བཞིན་དུས་རབས་ཉི་ཤུ་རྩ་གཅིག་ནང་གི་དུས་ཡུན་རིང་ཤོས་ཀྱི་ཉི་མ་གཟའ་འཛིན་ཞིག་ཡིན་པར་ཚན་རིག་པ་ཚོས་ངོས་འཛིན་གནང་གི་ཡོད་པ་དང་ལྷག་པར་དུ་མ་འོངས་ལོ་ངོ་བརྒྱའི་ནང་སྦང་ལ་རྡེ་ཤི་ནང་ཉི་མ་གཟའ་འཛིན་ད་རེས་མ་གཏོགས་མཐོང་ཐུབ་ཀྱི་མེད་པར་བརྟེན་ནས་སྦང་ལ་རྡེ་ཤིའི་སྲིད་གཞུང་གི་རྒྱབ་སྐྱོར་འོག་སྦང་ལ་རྡེ་ཤིའི་གནམ་དཔྱད་ལྷན་ཁང་གིས་ཉི་མ་གཟའ་འཛིན་ལ་རྟོག་ཞིབ་ཀྱི་ལྷན་ཁང་ཞིག་ཡང་ཆེད་བཙུགས་བྱས་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org