པདྨ་མཁའ་འགྲོ་མཆོག་བཞུགས་སྒར་དུ་འཚམས་འདྲིར་ཕེབས་པ།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཉིན་གཅིག་གི་སྐུ་སྒེར་གྱི་འཚམས་འདྲིར་ཕེབས་ཡོད་པ།

ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཉིན་གཅིག་གི་སྐུ་སྒེར་གྱི་འཚམས་འདྲིར་ཕེབས་ཡོད་པ། བོད་མིའི་སྒྲིག་འཛུགས།

༄༅༎རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་པདྨ་མཁའ་འགྲོ་མཆོག་བཞུགས་སྒར་རྡ་རམ་ས་ལར་ཉིན་གཅིག་གི་སྐུ་སྒེར་གྱི་འཚམས་འདྲིར་ཕེབས་ཡོད་པ་དང་། ཉིན་གཅིག་དེའི་རིང་ལ་བྱེད་སྒོ་ཁག་མང་པོ་ཞིག་ནང་མཉམ་ཞུགས་གནང་གི་ཡོད་པའི་སྐོར་ཕྱི་ཟླ་བཅིུག་པའི་ཚེས་༡ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་ཡོད་པ་རེད།
ཕྱི་ཟླ་༡༡ཚེས་༡ ཉིན་སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་བཞུགས་སྒར་རྡ་རམ་ས་ལའི་ཉེ་འདབས་ཀྱི་གནམ་ཐང་དུ་ཕེབས་འབྱོར་སྐབས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་གི་དྲུང་ཆེ་སྟོབས་རྒྱལ་ཚེ་རིང་ལགས་དང་།་དྲུང་ཆེ་འཆི་མེད་རིག་འཛིན་ལགས་། ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་ཀརྨ་ཆོས་དབྱིངས་ལགས།་དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་ཞབས་རྣམ་པ་དང་། མོན་པའི་སྐུ་ཚབ་སོགས་ཕེབས་བསུར་བཅར་ཡོད་པ་རེད་།
ད་དུང་པདྨ་མཁའ་འགྲོ་མཆོག་གིས་གནམ་ཐང་དུ་བཅར་བའི་གསར་འགོད་པར་། ཁོང་རྣམས་ཀྱི་མོན་པའི་བླ་མ་ཞིག་གི་ཡང་སྲིད་ལ་དྭགས་ཁུལ་དུ་འཁྲུངས་ནས་འདི་ག་བཞུགས་སྒར་རྡ་རམ་ས་ལར་ཁྲི་འདོན་གྱི་མཛད་སྒོ་ཚོགས་ཀྱི་ཡོད་པ་དེར་བཅར་བ་ཡིན་པའི་སྐོར་གསུངས་ཡོད་པ་དང་། དེ་བཞིན་པདྨ་མཁའ་འགྲོ་མཆོག་འདི་ག་བཞུགས་སྒར་རྡ་རམ་ས་ལར་ཕེབས་རྒྱུའི་ལས་དོན་གོ་སྒྲིག་ཞུ་མཁན་ནས། སྤྱི་ཁྱབ་བློན་ཆེན་མཆོག་ཉིན་གཅིག་བཞུགས་པའི་རིང་ཉིན་གུང་རྒྱབ་ཏུ་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་དུས་འཁོར་ལྷ་ཁང་དུ་ཚོགས་རྒྱུའི་མོན་གྱི་བླ་སྤྲུལ་ལྷ་རྒྱལ་རིན་པོ་ཞུ་བ་སྐུ་ཕྲེང་བཅུ་པའི་ཁྲི་འདོན་མཛད་སྒོར་ཕེབས་རྒྱུ་དང་།དེའི་རྗེས་ལ་བོད་ཀྱི་ཟློས་སྒར་ཚོགས་པར་འཚམས་འདྲི་གནང་གི་ཡོད་པའི་སྐོར་གསུངས་ཡོད་པ་རེད།
སྤྱི་ཁྱབ་བློན་ཆེན་པདྨ་མཁའ་འགྲོ་མཆོག་དེ་སྔོན་ཨ་རུ་ན་ཅལ་མངའ་སྡེའི་ཡུལ་སྐོར་སྤྲོ་ཆམ་གྱི་བློན་ཆེན་གནང་བའི་སྐབས་ཏེ་༢༠༡༥ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགུང་གྲངས་༨༠ ཕེབས་པའི་སྐུའི་གྱ་སྟོན་མཛད་སྒོ་བཞུགས་སྒར་དུ་ཚོགས་པའི་སྐབས་ཕེབས་ཡོད་པ་རེད༎
གསར་འགོད་པ་གཡུ་སྒྲོན།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org