ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གསར་པའི་དབར་ཕྱོཌ་གཉིས་ཀྱི་འབྲེལ་ལམ་ཐོག་བཀའ་བསྡུར་གནང་པ།

ཨ་རི་ཕྱི་སྲིད་དྲུང་ཆེས་གསར་དུ་བསྐོ་གཞག་བྱུང་པའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གསར་པ་ཆིན་ཀང་ལ་ཞལ་པར་གནང་སྟེ་ཨ་རི་དང་རྒྱ་ནག་གཉིས་ཀྱི་འབྲེལ་ལམ་ཐད་བཀའ་བསྡུར་གནང་ཡོད་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་དང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གསར་པ། wiki/སྒྲིག་བཟོ།
ཨ་རིར་བཅའ་སྡོད་རྒྱ་ནག་གཞུང་ཚབ་པ་ཆིན་ཀང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་དུ་མིང་འདོན་བསྐོ་གཞག་བྱས་ཏེ་ཉིན་ཤས་རྗེས་ཏེ་ཕྱི་ཟླ་ ༡ ཚེས་ ༡ ཉིན་ཨ་རིའི་ཕྱི་སྲིད་དྲུང་ཆེ་ཨེན་ཊོ་ནི་སྦལིང་ཀེན་ Antony Blinken མཆོག་གིས་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གསར་པར་ཞལ་པར་གནང་སྟེ་ཨ་རི་དང་རྒྱ་ནག་རྒྱལ་ཁབ་ཕན་ཚུན་གཉིས་དབར་གྱི་འབྲེལ་ལམ་སྒོ་མོ་ཕྱེ་ནས་འཇོག་དགོས་པའི་སྐོར་བཀའ་བསྡུར་བྱུང་ཡོད་པ་ཁོང་གི་ཊུ་ཊར་དྲ་རྒྱའི་ཐོག་བཀོད་སྤེལ་གནང་འདུགརྒྱ་ནག་གཞུང་གིས་བདུན་ཕྲག་སྔོན་མའི་རེས་གཟའ་པ་སངས་ཉིན་ཨ་རིའི་ནང་ཡོད་པའི་རྒྱ་ནག་གི་གཞུང་ཚབ་པ་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་གིས་ཡིད་ཆེས་བློས་འགེལ་བྱེད་ཡུལ་གྱི་མི་སྣར་ངོས་འཛིན་ཞུ་བཞིན་པ་ཆིན་ཀང་ Qin Gang རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ལ་བསྐོ་གཞག་བྱས་ཡོད་པ་ནི་གཙོ་བོ་རྒྱ་ནག་གཞུང་གིས་ཨ་མེ་རི་ཀ་དང་མཉམ་འབྲེལ་བ་སྲ་བརྟན་བཟོ་ཐབས་བྱེད་བཞིན་པའི་དུས་སྐབས་སུ་བྱུང་བ་ཞིག་ཡིན་པར་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་ཀྱི་ཡོད་ཅིང་།  འདས་པའི་ལོ་ངོ་བཅུ་ཕྲག་གཅིག་ཙམ་གྱི་རིང་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱི་ལས་འཁུར་ཞུ་མཁན་ལོ་ན་ ༦༩ ལ་སོན་པ་ཝང་ཡི་ Wang Yi ཡི་ཚབ་ཏུ་རང་ལོ་ ༥༦ ལ་སོན་པའི་ཆིང་གང་བསྐོ་གཞག་བྱས་པ་ཞིག་ཡིན་པ་དང་Wang Yi རྒྱ་ནག་དམར་ཤོག་ཚོགས་པའི་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་གནས་རིམ་སྤར་ནས་ཝང་གིས་རྒྱ་ནག་གི་ཕྱི་སྲིད་ལས་དོན་ཐད་འགན་འཁུར་སྔར་བས་ཆེ་ཙམ་ལེན་རྒྱུ་ཡིན་པའི་ཚོད་དཔག་བྱེད་ཀྱི་ཡོད་པ་རེད།
Qin Gang ཆིན་ཀང་གིས་ཨ་རིའི་ནང་དུ་རྒྱ་ནག་གི་གཞུང་ཚབ་པ་ཆེན་མོའི་ལས་འཁུར་འགོ་བཙུགས་བྱས་པའི་དུས་སྐབས་སུ་ཡུལ་གྲུ་གཉིས་དབར་གྱི་འབྲེལ་ལམ་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཡོང་བའི་རེ་བ་བྱེད་མིན་ལ་ལྟོས་མེད་ཆིན་ཀང་རྒྱ་ནག་གི་གཞུང་ཚབ་ཆེན་མོ་བྱེད་པའི་དུས་ཡུན་ཟླ་བ་ ༡༧ ཙམ་གྱི་རིང་ལ་ཡུལ་གྲུ་གཉིས་ཀྱི་འབྲེལ་ལམ་ཇེ་ཞེན་ཇེ་སྡུག་ཏུ་ཕྱིན་ཡོད་པ་རེད།    ཆིན་ཀང་གིས་གཞུང་ཚབ་པའི་ལས་འཁུར་རྩིས་ལེན་ཞུ་སའི་ཨ་རིའི་ནང་གི་རྒྱ་ནག་གཞུང་ཚབ་པ་ཆེན་མོ་སྔ་མ་དེས་ཨ་རིའི་ནང་ལོ་ཡུན་བརྒྱད་ཀྱི་རིང་ལ་གོ་གནས་འདི་འཛིན་ཡོད་པ་རེད།།
གསར་འགོད་པ།  སེངྒེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲ་ཐོག་སྤེལ་མཁན། ནོར་སྡེ་སྒྲོལ་མ།
2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org