ཨབ་ག་ནི་སི་ཐན་གྱི་དཔོན་རིཌ་ནས་ལྐོག་ཟ་བྱས་པར་སྐྱོན་བརྗོད།

རྒྱལ་སྤྱིའི་རོགས་དངུལ་མང་པོ་ལྐོག་ཟ་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་དེར་ཨབ་ག་ནི་སི་ཐན་གཞུང་གིས་དེ་རིང་ཁས་ལེན་བྱས་མེད་པ་རེད།

༄༅༎ཨ་མི་རི་ཀའི་གྲོས་ཚོགས་འཐུས་མི་ལྕམ་ནི་ཏ་ལའོ་ལྦི་ནས་ཨབ་ག་ནི་སི་ཐན་གྱི་དཔོན་རིགས་ཚོས་རྒྱལ་སྤྱིའི་རོགས་དངུལ་མང་པོ་ལྐོག་ཟ་བྱེད་བཞིན་ཡོད་པའི་སྐྱོན་བརྗོད་དེར་ཨབ་ག་ནི་སི་ཐན་གཞུང་གིས་དེ་རིང་ཁས་ལེན་མ་བྱས་པར་། དེ་ནི་དྲང་བདེན་མིན་པའི་སྐྱོན་བརྗོད་ཅིག་ལ་ངོས་འཛིན་བྱས་འདུག།

ཨ་རིའི་གྲོས་ཚོགས་ཀྱི་སྔོན་རྩིས་འཆར་གཞིའི་ཚོགས་ཆུང་གི་དབུ་ཁྲིད་གྲོས་ཚོགས་འཐུས་མི་ལྕམ་ལའོ་ལྦི་ནས་རེས་གཟའ་ཟླ་བའི་ཉིན་ཨབ་ག་ནི་སི་ཐན་གཞུང་གིས་ལྐོག་ཟ་རུལ་སུང་མེད་པ་མ་བཟོས་བར་དུ་ཨབ་ག་ནི་སི་ཐན་ལ་དངུལ་དམར་པོ་ཅིག་གནང་རྒྱུ་མིན་པའི་དམ་བཅའ་དང་བཅས་ཨ་རིས་ཨབ་ག་ནི་སི་ཐན་ལ་རོགས་དངུལ་ཐེར་འབུམ་འགའ་ཤས་གནང་རྒྱུའི་འཆར་གཞི་དེ་སྐབས་ཤིག་རིང་བཀག་གནང་ཡོད་པ་རེད།

ཨ་རིའི་གསར་འགྱུར་བརྒྱུད་ལམ་ཁག་ནང་ཨབ་ག་ནི་སི་ཐན་གྱི་གཞུང་འབྲེལ་དཔོན་རིགས་ཚོས་ཨ་རིའི་རོགས་དངུལ་ཕོན་ཆེ་ལྐོག་ཟ་བྱས་ནས་རྒྱལ་ཁབ་ཀྱི་ཕྱི་ལ་རྐུ་འཁྱེར་བྱེད་ཀྱི་ཡོད་པའི་གནས་ཚུལ་སྤེལ་བའི་གནད་དོན་ཐད་གྲོས་ཚོགས་ནང་ཉན་ཞིབ་ཚུགས་གནང་རྒྱུ་ཡིན་སྐོར་གསུངས་འདུག།

བ་ག་ནི་སི་ཐན་གྱི་ནོར་སྲིད་བློན་ཆེན་མོ་ཧ་མརྡ་ཨོ་མར་ཛ་ཀེལ་ལྦལ་གྱིས་༢༠༠༧ནས་བཟུང་ཌོ་ལར་ཐེར་འབུམ་བཞི་ཨབ་གན་གྱི་ཕྱི་ལ་འཁྱེར་ཡོད་པ་ དེ་ཚོ་ཨ་རི་དང་བྱང་མཚོ་ཨེཊ་ལེན་ཊིཀ་དམག་དོན་སྒྲིག་འཛུགས་མཉམ་དུ་ཚོང་ལས་བྱས་པའི་དངུལ་ཡིན་སྐོར་བརྗོད་འདུག།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org