ཨ་རིའི་དམག་སྤྱི་ཨི་རག་ཏུ་གཟིགས་ཞིབ།

ཨ་མི་རི་ཀའི་དམག་སྤྱི་སྐུ་ཞབས་མའེཀ་མུའུ་ལེན་ཨི་རག་ནང་མནའ་འབྲེལ་གྱི་གཞུང་ཞིག་འཛུགས་ཐུབ་ཐབས་གནང་ཆེད་ཕེབས་ཡོད་པ་རེད་

༄༅༎ཨ་མི་རི་ཀའི་དམག་སྤྱི་སྐུ་ཞབས་མའེཀ་མུའུ་ལེན་ཨི་ར་ནང་རེས་གཟའ་མིག་དམར་ཉིན་ཡུལ་དེའི་ནང་ཡོད་པའི་ཨ་རིའི་དཔུང་དམག་ཁག་ཕྱིར་འཐེན་གནང་ཕྱོགས་ཀྱི་གནད་དོན་ཐོག་བསྐྱར་ཞིབ་གནང་ཆེད་དང་ཡུལ་དེའི་ནང་མནའ་འབྲེལ་གྱི་གཞུང་ཞིག་འཛུགས་ཐུབ་ཐབས་གནང་ཆེད་ཕེབས་ཡོད་པ་རེད་

ཁོང་ཨཕ་ག་ནིསི་ཏན་ནང་ཉིན་གཉིས་རིང་ཨ་རིའི་དམག་ཐབ་ཀྱི་ལས་དོན་ཐོག་གཟིགས་ཞིབ་གནང་བར་ཕེབས་རྗེས་ཨི་ར་ཏུ་ཕེབས་བ་ཞིག་ཡིན་པ་རེད་

ཨ་མི་རི་ཀའི་དམག་སྤྱི་སྐུ་ཞབས་མའེཀ་མུའུ་ལེན་ཡི་ད་ཐེངས་ཀྱི་ཨི་རཀ་ཀྱི་གཟིགས་བསྐོར་འདི་རེས་གཟའ་ཟླ་བ་ཉིན་ཨི་རག་གི་ལྷོ་ཕྱོགས་གྲོང་ཁྱེར་ཀར་སྦ་ལ་ནང་སྣུམ་འཁོར་གཉིས་ནང་འབར་གས་ཀྱི་དོན་རྐྱེན་འོག་མི་གྲངས་༢༡ཡི་ཚེ་སྲོག་ཤོར་བ་དང་མི་གྲངས་༤ཡིསསའོ་རྡི་ཨ་རེ་སྦི་ཡའི་ཡུལ་གྱིས་འགྲོ་གྲོན་བཏང་བའི་གཟུགས་མཐོང་རླུང་འཕྲིན་ལས་ཁང་ཞིག་ལ་རང་ཤི་རྒྱབ་པའི་གནས་ཚུལ་བྱུང་བའི་རྗེས་ཁོང་ཨི་ར་ནང་ཕེབས་པའི་དུས་སྐབས་འཁེལ་ཡོད་པ་རེད་

ཨ་མི་རི་ཀ་དང་ཨི་རག་གི་དཔོན་རིགས་རྣམས་ཀྱིས་ཨི་ར་ནང་རྒྱལ་ཡོངས་འོས་བསྡུ་གནང་ནས་ཟླ་ངོ་༤སོང་བའི་རྗེས་སུའང་གཞུང་ཞིག་འཛུགས་མ་ཐུབ་སྟབས་ཡུལ་ནང་དྲག་ཟིང་གི་གནས་ཚུལ་དེ་མང་དུ་འགྲོ་བའི་ཉེན་བརྡ་རིམ་པ་བཏང་ཡོད་པ་རེད་            ཨ་མི་རི་ཀའི་དམག་སྤྱི་སྐུ་ཞབས་མུའུ་ལེན་ཡི་ད་ཐེངས་ཀྱི་ཨི་རག་གི་གཟིགས་བསྐོར་འདིའི་སྐབས་ཨི་རག་གི་སྲིད་འཛིན་ཇ་ལལ་ཏ་ལ་སྦ་ནི་མཆོག་དང་སྲིད་བློན་ནུ་རི་ཨེལ་མ་ལི་ཀི་རྣམ་གཉིས་དང་ཨི་ར་ནང་ཡོད་པའི་ཨ་རིའི་དམག་དཔོན་སྐུ་ཞབས་རེའེ་ཨོ་ཌིཡར་ནོ་དང་མཇལ་མོལ་གནང་རྒྱུ་ཡིན་པ་རེད་

ཨི་ར་ནང་དལྟའི་འཆར་ཨ་རིའི་དཔུང་དམག་གྲངས་༧༧༥༠༠ཡོད་ཅིང་དེའི་ཁོངས་དཔུང་དམག་གྲངས་༥༠༠༠༠ཨི་རགི་དམག་མིར་སྦྱོང་བདར་དང་སློབ་སྟོན་གྱི་ལས་དོན་ཆེད་བཞག་གནང་རྒྱུ་ལས་དེ་མིན་དམག་ཐབས་བྱེད་མཁན་དཔུང་དམག་ཁག་ཕྱི་ལོ་༢༠༡༡ཕྱི་ཟླ་༡༢ཚུན་ཆ་ཚང་ཕྱིར་འཐེན་གནང་རྒྱུའི་འཆར་གཞི་ཡོད་པ་རེད་

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org