ཀུ་ཤུ་ཁ་པར་ནང་བཀའ་འགྱུར་ཆ་ཚང་གཟིགས་ཐུབ་པ།

རྒྱལ་བའི་བཀའ་འགྱུར་ཆ་ཚང་རིན་མེད་ཐོག་དྲ་ཐོག་ནས་ཕབ་ལེན་དང་ཀུ་ཤུ་ཁ་པར་ནང་གཟིགས་ཐུབ་པ།

ཁ་པར་སྒྲོམ་ངོས་སུ་འཆར་བའི་བཀའ་འགྱུར་གྱི་གཉེན་ཆས་གསར་བ། ༢༠༡༦།༢།༢༤ ཀླུ་འབུམ།

༄༅། །རྒྱལ་བའི་བཀའ་འགྱུར་ཆ་ཚང་རིན་མེད་ཐོག་དྲ་ཐོག་ནས་ཕབ་ལེན་དང་ཀུ་ཤུ་ཁ་པར་ནང་གཟིགས་ཐུབ་པ།
དེ་ཡང་དཔལ་རྒྱལ་དབང་ཀརྨ་པ་ཨྱོན་འཕྲིན་ལས་རྡོ་རྗེ་མཆོག་གི་མཐུན་འགྱུར་འོག་ད་ཆ་རྒྱལ་བའི་བཀའ་འགྱུར་ཆ་ཚང་ཀུ་ཤུའི་མ་ལག་ཅན་གྱི་ཁ་པར་དང་། རྩིས་འཁོར་ནང་རིན་པ་མི་དགོས་པའི་ཐོག་ནས་ཕབ་ལེན་དང་གཟིགས་ཐུབ་ཀྱི་ཡོད་པ་རེད།
དེ་ནི་ཀུ་ཤུའི་གཉེན་མཛོད་(App Store)ནང་འཛུལ་རྗེས་གཉེན་ཆས་རབ་གསལ་མེ་ལོང་(Adarsha)ཞེས་མིང་བྲིས་ནས་བཙལ་ན་ཕབ་ལེན་གནང་ཐུབ་ཀྱི་འདུག
སྤྱི་ ཚོགས་འབྲེལ་མཐུད་ཀྱི་དྲ་ལམ་ཁག་ཏུ་བོད་མི་མང་པོས་གནས་ཚུལ་དེ་ཁྱབ་སྤེལ་དང་ སྦྲགས་ཀརྨ་པ་རིན་པོ་ཆེ་མཆོག་ལ་ཆེད་བསྟོད་གནང་བཞིན་པ་དཔེར་ན། བོད་མི་ཞིག་གིས་ངོ་དེབ་ཐོག་རྒྱལ་དབང་ཀརྨ་པ་རིན་པོ་ཆེ་མཆོག་གིས་དེང་རབས་ཚན་ རྩལ་གྱི་ལམ་ནས་སྟབས་བདེ་པོས་བཀའ་འགྱུར་ལྟ་ཀློག་ཐུབ་པ་ཞིག་བཟོས་འདུག་པ་ནི་༧ གོང་ས་མཆོག་གི་བཀའ་དགོངས་ངོ་མ་ལག་ལེན་གྱི་ཐོག་ནས་བསྒྲུབ་གནང་བ་ཞིག་ལ་ངོས་ འཛིན་ཞུ་བཞིན་ཡོད། ༧གོང་ས་མཆོག་ནས། བཀའ་བསྟན་གཉིས་པོ་དད་རྟེན་ཙམ་དུ་མ་བཞག་པར་སློབ་སྦྱོང་བྱེད་དགོས་པ་ལན་མང་གསུངས་ཡོད། ང་ཚོས་ལོ་ངོ་སྟོང་ཕྲག་རིང་ནང་ཆོས་ལ་སློབ་སྦྱོང་བྱས་ཡོད་ཀྱང་། བཀའ་བསྟན་རང་སློབ་སྦྱོང་བྱེད་པའི་མཐུན་རྐྱེན་ཡོད་མཁན་ཧ་ཅང་ཉུང་། སྔར་བོད་ནང་གི་གདན་ས་རེར་གྲྭ་པ་སྟོང་ཕྲག་མང་པོ་ཡོད་ཀྱང་བཀའ་བསྟན་ཡོད་མཁན་ བླ་བྲང་ཆེ་བ་ཁ་ཤས་ལས་མེད། རྒྱ་གར་གྱི་གདན་ས་ཁག་ལ་མཚོན་ནའང་གྲྭ་པ་བརྒྱ་ཆ་༩༩ལ་བཀའ་བསྟན་མེད་པ་ཐག་ཆོད། དགོན་པའི་དཔེ་མཛོད་ཁ་ཤས་ནང་བཀའ་བསྟན་ཚར་རེ་ཙམ་ཡོད་སྲིད་ཀྱང་གྲྭ་པ་སྟོང་ཕྲག་ མང་པོས་སློབ་སྦྱོང་བྱེད་པར་འདང་ག་ལ་ཐུབ།
ད་ལན་ཀརྨ་པ་རིན་པོ་ཆེ་ནས་འདི་ལྟ་བུའི་མཐུན་རྐྱེན་བསྐྲུན་པ་ནི་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ནང་བྱུང་མ་མྱོང་བའི་རླབས་ཆེན་གྱི་ཕྱག་ལས་ཞིག་ལ་ངོས་འཛིན་གྱིས་བཀའ་དྲིན་བླ་མེད་དུ་ཆེ་ཞེས་བ་སོགས་འཁོད་འདུག

གསར་འགོད་པ་བསོད་ནམས་ལྷ་མོ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org