བོད་དོན་རྒྱབ་སྐྱོར་ཚོགས་པས་རྣམ་དཔྱོད་ལྡན་པའི་ཐོག་ནས་རྒྱ་ནག་གཞུང་ལ་གདོང་ལེན་བྱ་རྒྱུའི་ལས་འགུལ་ཞིག་འགོ་བཙུགས་འདུག

བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མང་ཚོགས་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་གྱི་ཞལ་འདེབས་གནང་ཡུལ་ཞིག་བཟོས་ཏེ་རྒྱ་ནག་གཞུང་ལ་རྣམ་སྤྱོད་ལྡན་པའི་ཐོག་ནས་གདོང་ལེན་བྱ་རྒྱུའི་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཡོད་འདུག

Reuters
རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་རང་གི་Twitter གི་སྤྱི་ཚོགས་བརྡ་འཕྲིན་ཐོག་བོད་ཀྱི་གནད་དོན་དང་འབྲེལ་འཁྱོག་བཤད་སྤེལ་རིམ་ལ་། བོད་དོན་ལ་རྒྱབ་སྐྱོར་གནང་མཁན་མང་ཚོགས་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་དོན་ལ་རྒྱབ་སྐྱོར་གྱི་ཞལ་འདེབས་གནང་ཡུལ་ཞིག་བཟོས་ཏེ་རྒྱ་ནག་གཞུང་ལ་རྣམ་སྤྱོད་ལྡན་པའི་ཐོག་ནས་གདོང་ལེན་བྱ་རྒྱུའི་ལས་འགུལ་ཞིག་སྤེལ་འགོ་བཙུགས་ཡོད་འདུག

ལས་འཆར་དེ་ནི་དེ་སྔ་ཨ་མི་རི་ཀའི་སྲིད་འཛིནTrumpགིས་ རང་གི་Twitter ཐོག་གནས་ཚུལ་དྲིལ་བསྒྲགས་སྤེལ་རིམ་ལ་ཁོང་ལ་མོས་མཐུན་མ་གནང་མཁན་གྱི་མང་ཚོགས་ངོས་ནས་་ཁོང་ལ་ཁ་གཏད་ཆེད་ཞལ་འདེབས་གནང་སྟེ་སྲིད་འཛིན་Trumpལ་ངོ་རྒོལ་བྱས་པ་དང་མཚུངས་པར་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་འཛུགས་བསྐྲུན་འགན་འཛིན་བདེ་ཆེན་སྐལ་ལྡན་ལགས་ཀྱི་འགན་འཁུར་འོག་Momentumཞེས་པའི་ཨ་མི་རི་ཀའི་འཕྲུལ་ལས་བཟོ་བསྐྲུན་ཚན་པ་གསར་པ་དེ་དང་མཉམ་ལས་ཀྱིས་། གོང་ཞུས་ལས་འགུལ་དེ་སྤེལ་འགོ་བཙུགས་ཡོད་པ་རེད།

དེ་ཡང་བདེ་ཆེན་སྐལ་ལྡན་ལགས་ཀྱིས་གསར་འགོད་གསལ་བསྒྲགས་ཀྱི་ནང་། ཇི་སྲིད་དུ་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་གཉིས་ནས་ཕྱི་སྲིད་ལྷན་ཁང་གི་Twitterགི་ཁ་བྱང་ཐོག་ནས་བོད་ཀྱི་གནད་དོན་དང་འབྲེལ་ཇི་ཙམ་གྱི་ཁུངས་ལྡན་མིན་པའི་གནས་ཚུལ་རྫུན་མ་སྤེལ་རིམ་ལ་མང་ཚོགས་ནས་བོད་རང་བཙན་སློབ་ཕྲུག་ཚོགས་པར་ཞལ་འདེབས་གནང་ས་ཡོད་པ་ཞིག་བཟོས་ཡོད་པ་དང་འདིས་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཚོར་རྒྱ་ནག་གིས་ཆབ་སྲིད་དྲིལ་བསྒྲགས་ཆེད་རྫུན་གཏམ་ཁྱབ་སྤེལ་ལ་གདོང་ལེན་བྱ་རྒྱུའི་ཐབས་ཤེས་ཤིག་ཡིན་པ་གསུངས་ཡོད་པ་རེད།

བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་ལས་འཆར་དེ་ནི་རྒྱ་ནག་གཞུང་གིས་སྤྱི་ཚོགས་བརྡ་འཕྲིན་ཐོག་དྲིལ་བསྒྲགས་ཀྱི་རྫུན་གཏམ་ལ་གདོང་ལེན་བྱ་རྒྱུའི་རྣམ་སྤྱོད་ལྡན་པའི་ཐབས་ལམ་གསར་པ་ཞིག་ཡིན་པ་དང་། འདིས་རྒྱ་ནག་རང་ཉིད་ཀྱི་བྱེད་ཉེས་ཀྱི་ཐོག་ནས་ཐད་ཀར་བོད་ཀྱི་རྩ་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་ཞིག་བཟོ་བཞིན་ཡོད་པ་གསུངས་འདུག
2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org