མི་གྲངས་བརྒྱ་ལྷག་ལ་མཉམ་དུ་ཁྲིམས་ཐག་བཅད་འདུག
རྒྱ་ནག་གཞུང་གིས་ཤར་ཏུར་ཀེ་སེ་ཐན་ནང་མི་གྲངས་༡༡༣མཉམ་དུ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
-
2014-06-30 -
-
-
རྒྱ་ནག་གཞུང་གིས་ཤར་ཏུར་ཀེ་སེ་ཐན་ནང་མི་གྲངས་༡༡༣མཉམ་དུ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག
དེ་ཡང་AFP གསར་ཁང་གིས་ཚེས༣༠ཉིན་གནས་ཚུལ་སྤེལ་དོན། རྒྱ་ནག་གི་ཁྲིམས་ཁང་ཞིག་ནས་ད་རེས་མི་གྲངས་༡༡༣མཉམ་དུ་བཙོན་འཇུག་ཁྲིམས་ཐག་ཡོད་པ་དང་། དེ་ཚོ་མང་ཆེ་བ་ནི་ཡུ་གུར་ཁ་ཆེའི་མི་རིགས་ཡིན་པ་མ་ཟད། ཁོང་ཚོར་འཇིགས་སྐུལ་རིང་ལུགས་པ་དང་འབྲེལ་བ་ཡོད་པའི་ཉེས་འཛུགས་བྱས་ཡོད་འདུག རྒྱ་ནག་གཞུང་ཕྱོགས་ཀྱི་བརྒྱུད་ལམ་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཁོང་ཚོའི་ཁྲོད་ཀྱི་མི་བཞི་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་དང་། མི་༡༠༩ལ་ཉེས་འཛུགས་བྱེད་ཡས་ནི་འཇིགས་སྐུལ་སྒྲིག་འཛུགས་བཙུགས་པ་དང་། བཟའ་གསུམ་གྱི་ནག་ཉེས། དེ་བཞིན་ཉལ་ཐ་ཉོ་ཚོང་བྱས་པ་བཅས་ཀྱི་ཉེས་འཛུགས་བྱས་ཡོད་འདུག
པེ་ཅིན་ཕྱོགས་ནས་དུས་ཡུན་ལོ་གཅིག་རིང་འཇིགས་སྐུལ་བར་རྡུང་རྡེག་གཏོང་རྒྱུའི་ཁྱབ་བསྒྲགས་བྱས་པའི་རྗེས་སུ་ཟླ་བ་སྔོན་མའི་ནང་ཤིན་ཅང་ངམ་ཤར་ཏུར་ཀེ་སི་ཐན་གྱི་རྒྱལ་ས་ཨུ་རུམ་ཆེའི་ནང་མི་༣༩བསད་པའི་དོན་རྐྱེན་དེ་ནི་ནུབ་རྒྱུད་ཁུལ་གྱི་འཇིགས་སྐུལ་བས་གཏོར་རྒོལ་བཏང་པར་སྐྱོན་བརྗོད་བྱེད་བཞིན་ཡོད་པ་རེད། ཡིན་ན་ཡང་ཕྱི་ཕྱོགས་སུ་ཡོད་པའི་འཛམ་གླིང་ཡུ་གུར་ཚོགས་པའི་མགྲིན་ཚབ་པ་Dilxat Raxit ཌིག་ཛད་ཊེ། རད་ཛེད་ཊེ་ནས་མང་ཚོགས་ཀྱི་མདུན་དུ་ཡོངས་གྲགས་ཀྱི་ཁྲིམས་ཆད་ཁྱབ་བསྒྲགས་བྱས་པ་དེ་ནི་ནག་ཉེས་ཕོག་མཁན་ཚོའི་ཐོབ་ཐང་ལ་རྡོག་རོལ་བཏང་བ་ཡིན་པས་ངོ་རྒོལ་གྱེན་ལངས་སྔར་ལས་མང་བ་ཡོང་རྒྱུའི་རྐྱེན་ཞིག་བཟོས་པ་རེད་ཅེས་སྐྱོན་བརྗོད་བྱེད་ཀྱི་ཡོད་པ་རེད།
གསར་འགོད་པ་ཚེ་བརྟན་རྡོ་རྗེ།