བོད་ནང་སོང་ནས་དངོས་ཡོད་གནས་སྟངས་སྤེལ་ཁོང་གྲོངས་འདུག

དེ་སྔོན་བོད་ནང་སོང་ནས་དངོས་ཡོད་གནས་སྟངས་ཕྱི་ལ་སྤེལ་མྱོང་མཁན་གྲགས་ཅན་གསར་འགོད་པ་དང་དངོས་བྱུང་གསར་འགྱུར་མཁོ་སྒྲུབ་གནང་མཁན་བན་ཡ་ཁོ་ལེ་ཁོང་དགུང་གྲངས་༧༥་ཐོག་སྐུ་གྲོངས་འདུག

དེ་ཡང་Vanya Kewley ཁོ་མོ་སྤྱི་ལོ་༡༩༨༨་ལོ་དང་1991ལོར་པར་ཆས་འཁྱེར་ནས་བོད་ནང་ཐེངས་གཉིས་ཙམ་བསྐྱོད་མྱོང་ཡོད་པ་དང་། བོད་ནང་གི་དངོིས་ཡོད་གནས་ཚུལ མང་པོ་ཞིག་བརྙན་འཕྲིན་དཔར་ལེན་དང་། བཅར་འདྲི་སྒྲ་འཇུག་སོགས་བྱས་ཏེ་བོད་ནང་གི་དངོས་ཡོད་གནས་སྟངས་བཤད་པ་དང་། དེ་བཞིན་བོད་མི་མང་པོ་བཙོན་འཇུག་དང་རྒྱ་ནག་གཞུང་གི་ཉེན་རྟོག་པས་ཉེས་རྡུང་བཏང་ནས་སྲོག་སྐྱོན་ཤོར་བ་དང་། མང་པོའི་རང་སྲོིག་དོར་དགོས་བྱུང་བཞིན་པའི་གནས་ཚུལ་མང་པོ་ཞིག་རྒྱལ་སྤྱིའི་གསལ་སྟོན་བྱས་མྱོང་བ་དང་། རྒྱལ་སྤྱིའི་ནང་ནས་ཁོང་གི་ཕྱག་ལས་དེ་ཚོར་གཟེངས་བསྟོད་བྱ་དགའ་ཡང་མང་པོ་ཐོབ་ཡོད།

མ་ཟད་ཁོང་མོས་རང་གི་ཕྱག་ལས་གནང་བཞིན་སྐབས་ལ་ཕྱོགས་གཞན་ཞིག་ནས་དཀའ་ངལ་ཅན་གྱི་དྭ་ཕྲུག་འགའ་ཤས་ལའང་གཟིགས་སྐྱོང་གནང་གི་ཡོད་པ་དེ་ཚོའི་གྲས་སུ་རྒྱ་གར་ནང་བོད་རིགས་བོུ་པདྨ་ཆོས་འཛོམས་དང་ཆོས་འཛོམས་ཚེ་རིང་ཟེར་བའི་གདན་གྱི་བཟོ་གྲའི་ནང་ལས་ཀ་བྱེད་མཁན་ལོ་ན་༧་ཙམ་ལ་སོན་པའི་བོུ་དེ་གཉིས་ལ་ཤེས་ཡོན་སློབ་སྦྱོང་གྱི་སྦྱིན་བདག་གནང་ཡོད་པ་རེད།

ད་དུང་ཁོང་མོས་ད་ཕན་Chile ནས་Saudi Arabia ,Vietnamསོགས་ལུང་པ་མང་པོའི་ནང་རྒྱལ་སྤྱིའི་་གླེང་ཕྱོགས་མང་བའི་འགོ་ཁྲིད་Colonal Gaddafi ་དང་General Ojukwu སོགས་ཀྱིས་བཀའ་བཀོད་བཙན་དབང་བྱས་པའི་གནས་ཚུལ་མང་པོ་བསྡུ་རུབ་གནང་ཡོད་པ་རེད།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org