གློད་བཀྲོལ་འབོད་སྐུལ་བྱེད་མཁན་མི་གྲངས་༡༦བཟུང་འདུག

མཁན་པོ་ཀརྨ་ཚེ་དབང་ལགས་གློད་བཀྲོལ་གྱི་འབོད་སྐུལ་བྱེད་མཁན་བོད་མི་མི་གྲངས་༡༦རྒྱ་ནག་གིས་འཇུ་བཟུང་བྱས་འདུག

མཁན་པོ་ཀརྨ་ཚེ་དབང་ལགས་གློད་བཀྲོལ་གྱི་འབོད་སྐུལ་བྱེད་མཁན པར། བོད་འབྱོར།

མཁན་པོ་ཀརྨ་ཚེ་དབང་ལགས་གློད་བཀྲོལ་གྱི་འབོད་སྐུལ་བྱེད་མཁན་བོད་མི་མི་གྲངས་༡༦རྒྱ་ནག་གིས་འཇུ་བཟུང་བྱས་འདུག

བོད་ཀྱི་གནད་དོན་ཐོག་ཐུགས་སྣང་དང་རྩོམ་བྲིས་སྤེལ་མཁན་འོད་ཟེར་ལགས་ཀྱིས་གནས་ཚུལ་སྤེལ་དོན། ནང་ཆེན་ཁུལ་གྱི་ཀརྨ་བཀའ་བརྒྱུད་བའི་ཇ་པ་དགོན་པའི་མཁན་པོ་ཀརྨ་ཚེ་དབང་ལགས་རྒྱ་ནག་གིས་འཇུ་བཟུང་བྱས་ཡོད་པ་གློད་བཀྲོལ་ཆེད་དུ་འབོད་སྐུལ་སྐད་འབོད་གནང་མཁན་བོད་མི་མི་གྲངས་༡༦་ཙམ་བདུན་སྔོན་མའི་རེས་གཟའ་སྤེན་པ་ཚེས་༢༡ཉིན་རྒྱ་ནག་གིས་འཛིན་བཟུང་བཀག་ཉར་བྱས་འདུག གནས་ཚུལ་ལྟར་ན། ཁོང་རྣམས་ཡུལ་ཤུལ་ཁུལ་དུ་ཡོད་པའི་བཀག་ཉར་ཁང་གཅིག་ཏུ་ཁྲིད་ཡོད་པ་ལས་གནས་ཚུལ་ཁ་གསལ་མེད་པ་རེད།  མཁན་པོ་ཀརྨ་ཚེ་དབང་ལགས་ཕྱི་ཟླ་༡༢་ཚེས་༦་གི་མཚན་མོར་རྒྱ་ནག་གི་གྲོང་ཁྱེར་ཁྲིན་འདུ་ནས་ཆབ་མདོའི་སྤྱི་བདེ་མི་སྣས་མངའ་སྡེའི་ས་མཚམས་བརྒལ་ནས་འཛིན་བཟུང་བྱས་ཡོད་པ་རེད། དེ་ནས་མཁན་པོ་ཆབ་མདོ་ཕྱོགས་སུ་ཁྲིད་པའི་གནས་ཚུལ་ཤེས་རྟོགས་བྱུང་བ་ལས་ཁོང་གི་ད་ལྟའི་གནས་སྟངས་གསལ་པོ་ཤེས་རྟོགས་བྱུང་མེད་པ་རེད་འདུག གནས་ཚུལ་དེ་ལ་བརྟེན་ཕྱི་ཚེས་༡༨་ཉིན་ཇ་པ་དགོན་པའི་དགེ་འདུན་པ་དང་། ས་གནས་ཀྱི་མི་རྣམས་ཀྱིས་དགེ་རྒན་མེད་པའི་སློབ་མ་རྣམས་ཀྱི་སྡུག་བསྔལ་ལ་གཟིགས་རོགས་ཅེས་བཀོད་པའི་འཕྲེད་དར་འཕྱར་བ་དང་། སྐད་འབོད་ངོ་རྒོལ་གནང་བ་ཡིན་པ་རེད།

ད་དུང་མཁན་པོ་ཀརྨ་ཚེ་དབང་ལགས་ནི་བོད་མི་རྣམས་ཀྱི་ཆེད་དུ་ཐུགས་ཁུར་ཆེན་པོ་གནང་མཁན་བོད་རིགས་ན་གཞོན་ཞིག་ཡིན་པ་དང་། གལ་ཏེ་ཁོང་མུ་མཐུད་དུ་བཀག་ཉར་བྱས་བ་ཡིན་ན་ནང་ཆེན་དང་། ཁམས་ཁུལ་དུ་བདེ་འཇགས་ལ་ཤུགས་རྐྱེན་ངན་པ་ཡོང་སྲིད་པའི་དགོངས་ཚུལ་བཏོན་མཁན་ཡང་ཡོད་པ་རེད་འདུག

མཁན་པོ་ཀརྨ་ཚེ་དབང་ལགས་མཚོ་སྔོན་ཁུལ་གྱི་ནང་ཆེན་ས་གནས་སུ་ཕྱི་ལོ་༡༩༧༥་ལོར་འཁྲུངས་པ་དང་། དགུང་གྲངས་༣༨་ཙམ་ཕེབས་ཡོད་པ་རེད་འདུག

གསར་འགོད་པ་ཀརྨ་རྡོ་རྗེ།

2025 M Street NW
Washington, DC 20036
+1 (202) 530-4900
tibetnews@rfa.org